ཆུ་འབབ་ས་གནས་འཛིན་སྐྱོང་།

སྙན་ཆ།

ཆུ་འདི་མི་དང་སེམས་ཅན་ སྐྱེས་ལྡན་རིགས་སྣ་ག་ར་ལུ་མེད་ཐབས་མེདཔ་ཅིག་ཨིནམ་ལས་ ད་རེས་ཀྱི་ལས་རིམ་ནང་ཆུ་འབབ་ས་གནས་འཛིན་སྐྱོང་གི་སྐོར་ལས་ ལས་རིམ་གཅིག་བཟོ་སྟེ་ཡོད་མི་འདི་གསན་ཚུགས།

༼ཆུའི་སྐད༽

སྤྱིར༌གཏང༌ཆུ༌འབབ༌ས༌གནས༌ཟེར་སླབ་ད་ལུ་མི༌མང༌ཤོས༌གཅིག༌གི་ར༌ ཆུའི༌རྐ་བཟུམ༌གཅིག༌ལུ༌གོ༌བ༌ལེན༌དོ༌ཡོདཔ༌ཨིནམ་དང་ འདི་བཟུམ་སྦེ་ ཆུའི་བརྐ་དང་ཆུ་འབབ་ས་གནས་གཉིས་ཀྱི་བར་ན་ ཁྱད་པར་ག་བཟུམ་ཅིག་ཡོདཔ་ཨིན་ན་མང་ཤོས་ཅིག་གི་རང་ མ་མཁྱེནམ་ལས་བརྟེན་ གནད་དོན་དེའི་སྐོར་ལས་ ཆུ་འབབ་ས་གནས་འཛིན་སྐྱོང་ཡིག་ཚང་ནངལས་ རྣམ་གཤིས་རིག་པའི་འགོ་དཔོན་ འཇམ་དབྱངས་ཕུན་ཚོགས་ ཀྱིས་བཤད་མི་ནང་་་་་་་1

མ་གཞི་དུས་དང་ཕུགས་འབད་བ་ཅིན་ སླབ་སྲོལ་ཅིག་ནང་ ཆུནི་གཟར་ལས་དབོག་ཆེ།།ཤིངནི་རི་ལས་འཐུ་ཆེ།།ཟེར་སླབ་དོ་ཡོདཔ་ཨིན་རུང་ རྒྱལ༌ཁབ༌ཡར༌རྒྱས༌གོང༌འཕེལ༌འགྱོ༌མི༌ལུ༌བརྟེན༌ བཟོ༌བསྐྲུན༌གྱི༌ལཱ༌ཚུ༌ལེ༌ཤ༌སྦེ༌རང༌འབད༌དོ༌ཡོད༌མི༌དང༌ མི༌དམང༌གིས༌ཕྱགས༌རྙིགས༌

བདག༌འཛིན༌མ་འཐབ་པ་ ག་མནོ་སར་བཀོག༌མི༌འདི༌གིས༌ ཆུ༌འབབ༌ས༌གནས༌ཚུ༌མེདཔ༌གཏང༌དོ༌ཡོདཔ༌ལས༌ གཞུང༌གི༌ཁ༌ཐུག༌ལས༌ ཆུ༌འབབ༌ས༌གནས༌འཛིན༌སྐྱོང༌ ཟེར༌བའི༌ཐབས༌ལམ༌བཏོན་ཏེ༌ལཱ༌འབད༌དོ༌ཡོདཔ༌ཨིན།

རྣམ་གཤིས་རིག་པའི་འགོ་དཔོན་ འཇམ་དབྱངས་ཕུན་ཚོགས་་་་་་་་་2

འཛམ་གླིང་ནང་ལུ་གནམ་གཤིས་འགྱུར་བ་འགྱོཝ་ད་ལུ་ ཚ་དྲོད་ཡང་སེང་འགྱོ་མི་ལུ་བརྟེན་ ཆུ་དང་ས་གཞི་ཚུ་ལུ་གནོད་པ་སྦོམ་སྦེ་རང་འབྱུང་ནི་ཨིནམ་ལས་ ང་བཅས་ར་འབྲུག་རྒྱལ་ཁབ་ནང་ལུ་ ས་རུད་དང་ཆུ་རུད་ཀྱི་རྐྱེན་ངན་ཚུ་སྔོན་འགོག་འབད་ནིའི་དོན་ལུ་ ད་ལྟོ་ལས་རང་ ཐབས་ཤེས་སྣ་ཚོགས་སྟོན་ཏེ་ལཱ་ཚུ་འབད་དགོཔ་དེ་ དུས་ཚོད་ཕྱིསནི་མ་གཏོགས་མི་ཧག་ནི་ཨིན་པས།

རྣམ་གཤིས་རིག་པའི་འགོ་དཔོན་ འཇམ་དབྱངས་ཕུན་ཚོགས་་་་་་་་་3

ཆུ་འབབ་ས་གནས་འདི་ཚུ་ ལེགས་ཤོམ་སྦེ་འཛིན་སྐྱོང་འཐབ་ནིའི་དོན་ལུ་ གཞུང་གི་ཁ་ཐུག་ལས་ ཐབས་ལམ་འཆར་གཞི་ཚུ་ག་དེ་སྦེ་རང་ཡོདཔ་ཨིན་ན་དང་ ཉེན་ཁ་ཅན་གྱི་ཆུ་འབབ་ས་གནས་འདི་ཚུ་ ག་དེ་སྦེ་ངོས་འཛིན་འབད་དེ་ཡོདཔ་ཨིན་ནའི་སྐོར་ལས་ ཆུ་འབབ་ས་གནས་འཛིན་སྐྱོང་ཡིག་ཚང་ནང་ལས་ དངོས་གྲུབ་ཚེ་རིང་གིས་བཤད་མི་ནང་་་་་་་་་་་་་་

སྟེ་ འདི་བཟུམ་སྦེ་ འབྲེལ་བ་ཡོད་པའི་ལས་སྡེ་དང་ལས་ཁུངས་ཚུ་གིས་ འཆར་གཞི་ཚུ་བརྩམས་ཏེ་ལཱ་འབདཝ་ད་ལུ་ ང་བཅས་ར་སྤྱིར་བཏང་མི་མང་གིས་འབད་རུང་ འགན་ཁྲི་འདི་ག་ར་ལུ་ཕོག་ཟེར་བའི་ཐུགས་བཞེད་གནང་སྟེ་ རྒྱབ་སྐྱོར་ཕུལ་དགོཔ་འདུག དངོས་གྲུབ་ཚེ་རིང་། ་འཇམ་དབྱངས་ཕུན་ཚོགས་་་་་་་་་4 jamyang last .

འཛམ་གླིང་ཚ་དྲོད་ཡར་སེང་འགྱོ་མི་དང་བསྟུན་ ལོ་བསྟར་བཞིན་དུ་ཆུ་སྐམ་འགྱོ་དོ་ཡོདཔ་ལས་ མི་ག་ར་གིས་ཚ་གྱང་ལངས་དགོ་པའི་དུས་སྐབས་གཅིག་ལུ་ལྷོད་དེ་ཡོདཔ་ལས་ ཆུ་འབབ་ས་གནས་འདི་ཚུ་ ག་དེ་དྲག་དྲག་བདག་འཛིན་འཐབ་སྟེ་ ཆུ་འདི་ཚུ་སྤུས་ཚད་དང་ལྡནམ་སྦེ་བཞག་དགོཔ་འདི་ག་ནི་བ་ཁག་ཆེ་བས་ཟེར་ཞུ་ནི་དང་གཅིག་ཁར་ ད་རིས་ཀྱི་ལས་རིམ་འདི་ སོ་ནམས་དང་ནགས་ཚལ་ལྷན་ཁག་གི་མ་དངུལ་རྒྱབ་སྐྱོར་ཐོག་ལས་ འབྲུག་རྒྱང་བསྒྲགས་ལས་འཛིན་གྱིས་བཟོ་བཟོཝ་ཨིན།