གསོ་བ།

ཨ་ལོ་བཏོན་གཏང་མིའི་གནོད་ཉེན།

འབྲུག་ལུ་ཨམ་སྲུ་ཚུ་གིས་ ཨ་ལོ་བཏོན་བཏང་ནི་འདི་ ཁྲིམས་དང་མ་མཐུནམ་ཅིག་ཨིན་རུང་ ད་རེས་ནངས་པ་ བརྡ་བརྒྱུད་ནང་ལས་ཕར་ ཨམ་སྲུ་འདི་ཚུ་གིས་ས་མཚམས་ཕྱི་ཁར་ཡོད་པའི་སྨན་ཁང་ནང་ལུ་ཨ་ལོ་བཏོན་བཏང་ནིའིསྐོར་ལས་གནས་ཚུལ་ག་དེམ་ཅིག་ཡང་གོཝ་གོཝ་འོང་། དེ་འབདཝ་ད་ ཨམ་སྲུ་ཨ་ལོ་བཏོན་བཏང་ནིའི་གནས་ཚུལ་གོཝ་ཙམ་ཅིག་གི་མི་བཏུབ་པས་ ང་བཅས་ཀྱི་འབད་དགོཔ་འདི་ ཨམ་སྲུ་ཨ་ལོ་བཏོན་བཏང་ནའི་ལས་ག་དེ་སྦེ་བཀག་ཚུགས་ག་གིས་སྐོར་ལས་ མནོ་བསམ་ཐེབས་ཅིག་བཏང་ཚུགས་པ་ཅིན་ མི་དྲག་ག་ཟེར་མི་སེར་འོང་ལས་ བསམ་འཆར་བསྡུ་ལེན་འབད་དེ་ཡོདཔ་ཨིན། ང་བཅས་ཨམ་སྲུ་ཚུ་གིས་ཨ་ལོ་བཏོན་བཏང་ནི་འདི་ ནང་པའི་ཆོས་ལས་འབད་རུང་དྲག་ ཁྲིམས་ཀྱི་ཁ་ཐུག་ལས་འབད་རུང་ དེ་ལས་གསོ་བའི་འོང་ལས་འབད་ས་ཅིག་རུང་མ་རུང་པ་ཅིག་ཨིན་མས། དེ་འབདཝ་ད་ ང་བཅས་ཨམ་སྲུ་ག་རང་འབད་རུང་ ཕོཝ་ནང་ལུ་ཨ་ལོ་ཆགསཏེ་ཡོད་མི་འདི་ བཏོན་བཀོག་དགོ་མནོཝ་ག་ཡང་མི་འོང་། འདི་ཡང་ རང་རང་སོ་སོའི་སྟབས་མ་བདེཝ་ཅིག་ཐོན་ཏེ་བྱ་བ་འདི་བཟུམ་ལུ་ཐུག་དོ་འོང་།

ཨམ་སྲུ་ཨ་ལོ་བཏོན་བཏང་མི་ཚུ་གི་གྲལ་ལས་ གཅིག་འདི་པུ་ཇ་ཨིན་མས། མོ་གིས་ཨ་ལོ་བཏོན་བཏང་ནི་སྨན་འདི་བཟའ་རུང་ ཨ་ལོ་འདི་ཟླཝ་༧ལང་ཡོདཔ་འབད་ཤེས་ཞིནམ་ལས་ མོ་ས་མཚམས་ཇའི་གང་ལུ་ཨ་ལོ་བཏོན་བཏང་བར་འགྱོཝ་ད་ རྨི་ལམ་ནང་མཐོང་མ་ཚུགས་པའི་གནས་སྟངས་ག་བཟུམ་ཅིག་གདོང་ལེན་འབད་ཡི་ག་ འདིའི་སྐོར་ལས་བསམ་འཆར་བསྡུ་ཡོད་མི་ནང་་་་་་་་་་་་་་་་་་་

ཨམ་སྲུའི་སྐད་་་་་དང་པ་རང་ངེའི་ཆུ་འདི་བརྟག་དཔྱད་འབད་དེ་ ཨ་ལོ་འདི་ཕོཝ་ནང་རང་འདུག་ཟེར་སླབ་ཅི། འདིའི་ཤུལ་ལས་རང་ཨ་ལོ་འདི་བཤལ་བཀོག་གོ་ཟེར་སླབ་དེ། ཁོང་འདི་ཚུ་གིས་དྲུང་འཚོ་ཅིག་ཡོད་ངོ་ཤེསཔ་ཅིག་ཨ་ལོ་བཏོན་བཏང་ཚུགས་མི་ཅིག་ཟེར་སླབ་ཅིག་ དྲུང་འཚོ་འདི་འོངམ་ཅིག་ང་ལུ་ཁབ་ཅིག་བཙུགས་ཏེ་གཏི་རུང་སྟོང་ཕྲག་༡༨བཏོན་ཟེར་ཨིན་མས། ང་གིས་ གཏི་རུང་ནེ་ཅིག་མེད་ཟེརཝ་ཅིག་གཏི་རུ་གི་སྤགས་ལྐོ་ལོང་ནི་འགོ་བཙུགས་ཅི། ད་རུང་ དྲུང་འཚོ་གི་གཏི་རུ་མིན་འདུག་ཟེར་་་་ངེའི་ཨལ་ལྐོག་ཁར་ཡོད་མི་གསེར་གྱི་རྒྱན་ཆ་འདི་སྤྲོད་རུང་བཏུབ་ཟེར་ཨིན་མས། ང་འདྲོག་པའི་ཤུགས་ཀྱི་ཕྱི་ཁར་ཐོན་འགྱོཝ་ད་ དྲུང་འཚོ་གིས་དེ་སྦེ་འགྱོ་མི་བཏུབ་་་་་་་་ད་ཅིག་ཁབ་བཙུགས་མི་འདི་གི་ན་ཟུག་རྐྱབ་འོང་ཟེར་སླབ་དེ། དེ་ལས་ངེའི་རྨགཔ་གིས་ཁས་མེད་ ཚོགས་བརྡ་བཏང་རུང་ཕུན་ཚོགས་གླིང་སྨན་ཁང་ནང་ལུ་འགྱོཝ་དྲག་འོང་ཟེར་སླབ་ཅིག་ དྲུང་འཚོ་འདི་གི་ང་འཐེན་འབག་འབད་ ད་རུང་ཁབ་བཙུགས་ཏེ་ ང་དྲན་པ་མེདཔ་བཟོ་བཏང་ནུག། དེ་ལས་ང་དྲན་པ་མེད་པར་ འ་ནི་ཇའི་གང་གི་སྨན་ཁང་འདི་ནང་ཕྱི་རུ་ཆུ་ཚོད་༤་ཚུན་བཞག་ཡི། དེ་ཅིག་བར་ན་ཡང་ང་དྲན་པ་ལོག་ནི་མེད་པར་ ང་རང་རྨགཔ་འདི་གིས་གླ་འཁོར་ཅིག་འཚོལ་འབད་ཁྱིམ་ནང་འབག་ཡར་སོང་ཡི།

འདི་ཚེས་ཕྱི་རུ་མོ་ན་ཟུག་ཤུགས་རང་རྐྱབ་ཏེ་ ཕུན་ཚོགས་གླིང་སྨན་ཁང་གི་དྲུང་འཚོ་ཚུ་གིས་མོ་གི་གཟུགས་ཁར་ལུ་རྨ་ལེ་ཤ་ཅིག་རང་བཏོན་ནུག་ཟེར་ དེ་འཕྲོ་ལས་ཐིམ་ཕུག་སྨན་ཁང་ནང་ལུ་བཏང་ནུག། ཐིམ་ཕུག་སྨན་ཁང་གི་དྲུང་འཚོ་གི་འབད་བ་ཅིན་ ང་གིས་ཨ་ལོ་ཆགས་སའི་མངལ་འདི་དོང་པེགས་བཏང་ནུག་ཟེར་ཨིནམས་ དེ་ལས་རྒྱུ་མ་ནང་འཕྲོད་འདི་ཚུ་ཡང་ག་ར་རྨ་བཏོན་བཏང་ནུག་ཟེར་ཨིན་མས།

མི་ཚུའི་བསམ་འཆར་བསྡུ་སྒྲིག།

ང་བཅས་ཨམ་སྲུ་ཨ་ལོ་བཏོན་བཏང་མི་འདི་གིས་ རང་གི་ཨ་ལོ་གི་ཚེསྲོག་ལུ་རྐྱངམ་ཅིག་མེན་པར ཨམ་སྲུ་མོ་རང་གི་ཚེ་སྲོག་ལུ་ཡང་ཉེན་ཁག་ཡོདཔ་ལས་ ཉེན་ཁ་འདི་ག་བཟུམ་ཅིག་བྱུང་སྲིད་ག་གིས་སྐོར་ལས་ དྲག་ཀྲར་ཨོ་རྒྱན་རྡོ་ཕུག་གི་བཤད་མི་ནང་་་་་་་་་་་་་་་་་་་་་་་

སྟེ་ དྲང་དོཔན་བགྲེསཔ་ཀུན་བཟང་སྟོབས་རྒྱས་ཀྱིས་གསུངས་དོ་བཟུམ་འབད་བ་ཅིན་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་དོན་ཚན་༡༤༦དང་དགོངས་དོན་དང་འཁྲིལཝ་ད་ ཨ་ལོ་བཏོན་བཏང་པ་ཅིན་ ཉེས་ཕྲ་གི་ཁྲིམས་ངེས་པར་དུ་ཕོག་འོང་ཟེར་ཨིན་མས་་་་་་་་་་་་་་་་་་་་་་་་་།

ཚེས་ད་ལྟོ་གསེར་ལས་དཀོན་པའི་མི་ལུས་རྟེན་འདི་ཐོབ་པའི་སྐབས་ལུ་ ཕར་ལོགམ་གྱི་སྲོག་བཅད་པ་ཅིན་ ཚེས་ཕྱི་མ་མིའི་ལུས་རྟེན་མ་ཐོབ་འདི་ངེས་བདེན་ཨིན་མས་་་་་་་་་་་་གཞུང་གྲྭ་ཚང་ལས་དབྱངས་སློབ་རིན་པོ་ཆེ་མཆོག་གི་གསུངས་མི་ནང་་་་་་་་་་་་་་་་་་

ད་རེས་བདུན་ཕྲག་གི་གསོ་བའི་ལས་རིམ་འདི་དེ་ཅིག་འབད་མཇུག་བསྡུཝ་ད་ཅིག་ཁར་ ལས་རི་གསན་མི་ག་ར་ལུ་བཀྲིན་ཆེ་ཟེལ་ཞུ་ནི་དང་ གལ་སྲིད་ལས་རིམ་འདི་གི་སྐོར་ལས་དོག་པ་དང་བསམ་འཆར་རེ་ཡོདཔ་འདྲཝ་ཅིག་འབད་བ་ཅིན་ གློག་རིག་ཡོངས་འབྲེལ་ཁ་བྱང་www.sangaywangmo8bbs.bt ནང་ལུ་འབྲེལ་བ་མཛད་གནང་། ཞིབ་འཚོལ་དང་ཟིན་བྲིས་འབྲི་མི་ སངས་རྒྱས་དབངམོ།

བཞེས་སྒོ་ཟ་ཐངས་ཀྱི་ཁྱད་པར་ལས་བརྟེན་ནད་གཞི་ཐོབ་དོ་ཡོདཔ།

གསོ་བའི་ལྷན་ཁག་གི་ཞིབ་འཚོལ་སྙན་ཞུ་དང་འཁྲིལབ་ཅིན་ རྒྱལ་ཁབ་ནང་ལུ་ལོ་གཅིག་བ་ལོ་གཅིག་ གཅིག་ལས་གཅིག་མ་འབུ་བའི་ནད་གཞི་འདི་ཡར་སེང་འགྱོ་ཡོདཔ་སྦེ་ཨིན། ནད་གཞི་ཐོབ་ཡོད་མི་རྒྱུ་འདི་གིས་སྐོར་ལས་ མི་སེར་ཚུ་གིས་ལེགས་ཤོམ་སྦེ་ཧ་གོཝ་ཡོད་རུང་ འབད་བཞག་མ་སོར་བར་ཡོད་མི་འདི་གསོ་བའི་ལྷན་ཁག་ལུ་གདོང་ལེན་སྦོམ་ཤོས་ཅིག་ཨིན་མས། གཅིག་ལས་གཅིག་མ་འབུ་བའི་ནད་གཞི་འདི་ཡང་ གཙོ་བོ་རང་ བཞེས་སྒོ་ཚད་ལས་བརྒལ་ཏེ་བཟའ་་་་་རང་གི་གཟུགས་གཡོག་མ་བཀོད་བར་བཞག་པ་ཅིན་ཐོབ་ཨིན། བཞེས་སྒོ་འདི་བཟའ་ནི་རིགས་འབད་རུང་དྲག་ འཐུང་ནི་རིགས་འབད་རུང་དྲག་ག་ཅི་དོན་ལུ་ལོང་སྤྱོདཔ་སྨོ་ཟེར་བ་ཅིན་ ང་བཅས་རའི་འཚོ་བའི་ལུས་རྟེན་འདི་སྒྲིང་སྒྲིང་བཞག་ནི་དོན་ལུ་ཨིན་མས།

མི་མང་གི་བསམ་འཆར་་་་་་་་

སླབ་སྲོལ་ཡོད་དོ་བཟུམ་དྲག་རང་དྲག་པ་ཅིན་ཨའི་གི་ཨོམ་ཡང་སྡུག།།་ཟེར་ རང་གི་གཟུགས་ཁར་ལུ་ བཞེས་སྒོ་འདི་དགོཔ་ངེས་བདེན་ཨིན་རུང་ ཚད་ལས་བརྒལ་ཏེ་བཟའ་བ་ཅིན་འདི་གིས་་སྦེ་ནད་གཞི་འདྲཝ་མ་འདྲཝ་ཐོབ་དོ་ཡོདཔ་ཨིན། བཞེས་སྒོ་ཚད་དང་ལྡནམ་ཟེར་མི་འདི་ཡང་ ཕོ་རྒས་འབད་རང་ཨམ་སྲུ་འབད་རུང་རང་གི་གཟུགས་དང་འཁྲིལ་འཁྲིལཝ་ལཱ་ག་དེ་ཅིག་འབདཝ་ཨིན་ན་ འདི་དང་འཁྲིལ་བའི་བཞེས་སྒོ་བཟའ་མི་ལུ་གོཝ་ཨིན་མས་་་་་་་་་་་་་་་་་དྲག་ཀྲར་ཨོ་རྒྱན་རྡོ་ཕུག་་་་་་་་་་་་

ན་གཞོན་གྱི་བསམ་འཆར་་་་་་་་་་་

གསོ་བའི་ཁ་ཐུག་ལས་བཞེསསྒོ་ཚད་དང་ལྡནམ་སྦེ་མ་བཟའ་མ་ཅིན་ནད་གཞི་ཐོབ་ནི་ཉེན་ཁག་ཡོདཔ་ད་ འདི་བཟུམ་སྦེ་ང་བཅས་རང་ནང་པའི་ཁ་ཐུག་ལས་འབད་རུང་བཞེས་སྒོ་བཟའ་དྲག་པ་ཅིན་མ་བཏུབ་ག་དེ་སྦེ་ཡོདཔ་ཨིན་ནའི་སྐོར་ལས་ སེམས་རྟོགས་ཁ་རྫོང་གི་དབུ་འཛིན་ཚེ་རིང་རྡོ་རྗེ་གི་བཤད་མི་ནང་་་་་་་་་་་་་་་་་་་

དབུ་འཛིན་་་་་་་་།

བཞེས་སྒོ་གི་རིགས་ནང་ལུ་ ཁག་ཆེཝ་གཅིག་འདི་ཤིང་འབྲས་ཀྱི་རིགས་ཨིནམ་ལས་ ཉིནམ་གཅིག་ལུ་ ལྟོ་དུས་ཕུད་༣བཟའ་བའི་གནས་སྐབས་ནང་ལུ་ ཤིང་འབྲས་བཟའ་བ་ཅིན་ཕན་པ་ལེ་ཤ་ཡོདཔ་ཨིན། ཤིང་འབྲས་ཐོབ་པའི་དུས་ཚོད་ནང་ལུ་ དཔེར་ན་ཨེ་པཱལ་བཟའ་ཚུགས་པས་ཟེར་ ཉིནམ་གཅིག་ལུ་ ཨེ་པཱལ་༤་་༥་རེ་བཟའ་བ་ཅིན་འདི་ཡང་བཞེསསྒོ་ཚད་ལས་བརྒལ་ཏེ་བཟའཝ་ཨིནམ་ལས་ གཟུགས་ཁར་ལུ་མ་བཏུབ་ཨི་ན་མས་་་་་་་་་་་་་་་་་

དྲག་ཀྲར་ཨོ་རྒྱན་རྡོ་ཕུག་་་་་་་་་་་་་་་་་

བཟའ་ཤེས་པ་ཅིན་སྨན་དང་མ་ཤེས་པ་ཅིན་སྡུག་ཟེར།། སླབ་སྲོལ་ཡོད་དོ་བཟུམ་ ང་བཅས་ག་རང་འབད་རུང་ ད་རེས་བཟའ་ཡོད་པའི་བཞེས་སྒོའི་རིགས་འདི་འགྱུར་བཅོས་འབད་ཞིནམ་ལས་ བཞེས་སྒོ་ཚད་དང་ལྡནམ་ཟེར་ འདི་ནང་ལུ་ བཞེསསྒོའི་རིགས་ལྷངམ་ཚངམ་སྦེ་བཟའ་བ་ཅིན་ རང་གིས་གཟུགས་སྒྲིང་སྒྲིང་བཞག་ཚུགས་ཏེ་ ནད་གཞི་ལེ་ཤ་ལས་བཀག་ཚུགས་པའི་ཐབས་ཤེས་དྲག་ཤོས་ཅིག་ཨིན་མས། ལས་རིམ་བཟོ་སྟེ་ཕུལ་མི་སངས་རྒྱས་དབང་མོ་གིས་ལས་རིམ་གསན་མི་ཡོངས་ལུ་ག་ཅི་དེ་བཀྲིན་ཆེ། ཞིབ་འཚོལ་དང་ཟིན་བྲིས་འབྲི་མི་ སངས་རྒྱས་དབངམོ།

མངལ་སྒོའི་ནད་གཞི།

འབྲུག་ལུ་ནད་གཞི་ཚུ་གི་གྲལ་ལས་གྱངས་ཁ་ཡར་སེང་འགྱོ་ཡོད་མི་འདི་ ཀེན་སར་གྱི་ནད་གཞི་འདི་ཨིན་མས།  འདི་ནང་དོན་ཉིད་ལས་ཡང་ མངལ་སྒོའི་ཀེན་སར་འདི་ ཀེན་སར་དང་འབྲེལ་བའི་ནད་གཞི་ཚུ་གི་གྲལ་ལས་ ཁྱབ་ཆེ་ཤོས་ཅིག་སྦེ་རང་འགྱོ་དོ་ཡོདཔ་ལས་ ཚ་གྱངས་ཆེ་བའི་གནད་དོན་ཅིག་ལུ་ གྱུར་ཏེ་ཡོདཔ་ཨིན། གསོ་བའི་ལྷན་ཁག་གི་གནད་སྡུད་དང་འཁྲིལ་བ་ཅིན་ སྤྱི་ལོ་༡༩༩༠་ལུ་ མངལ་སྒོའི་ཀེན་སར་ཐོབ་མི་༩༠་ཡོད་ས་ལས་ སྤྱི་ལོ་༢༠༡༠་ལུ་ གྱངས་ཁ་འདི་ ༡༠༠་ལུ་ཡར་སེང་འགྱོ་སྟེ་ཡོདཔ་ལས་ མངལ་སྒོའི་ཀེན་སར་ཐོབ་མི་གི་གྱངས་ཁ་འདི་ ལོ་བསྟར་བཞིན་དུ་ ཡར་སེང་འགྱོ་དོ་ཡོདཔ་སྦེ་ཨིན་མས། མངལ་སྒོའི་ཀེན་སར་འདི་ གནོད་ཉེན་ཆེ་ཤོས་ཅིག་ཨམ་སྲུ་ཚུ་ལུ་ཡོདཔ་ད་ འདི་ཡང་ མངལ་སྒོ་ཀེན་སར་འདི་ ཨམ་སྲུ་ཚུ་གི་བུ་ཚང་ནང་ལུ་ རྨ་འཐོན་མི་ལས་བརྟེན་བྱུངམ་ཨིན་མས།ང་བཅས་ན་ཅུམ་ཚུ་གིས་ནད་གཞི་འདིའི་སྐོར་ལས་ག་དེ་སྦེ་རང་ཧ་གོཝ་འདི་ཡོད་ག་གིས་སྐོར་ལས་བསམ་འཆར་བཤད་མི་ནང་་་་་་་་་་་་་་་་་

ན་ཅུམ་་་་་་་་་་་་་

ཀེན་སར་གྱི་ནད་གཞི་འདི་བཅོས་ཐབས་མེད་པའི་ནད་གཞི་ཅིག་སླབ་སྲོལ་ཡོད་རུང་ དུས་ཚོད་ཁར་ནད་གཞི་འདི་བདག་ཟུན་པ་ཅིན་ ནད་གཞི་འདི་ལུ་སྨན་བཅོས་འབད་དེ་དྲག་བཏུབ་ཨིན་མས། འབྲུག་སྤྱིར་དབང་ཚོགས་པ་གི་སྲིད་འཛིན་ཨམ་ལི་ལི་དབང་ཕྱུག་གི་ མོ་གིས་ནད་གཞི་ཀེན་སར་འདི་ཐོབ་ཞིནམ་ལས་མོ་ལུ་སྟབས་མ་བདེཝ་དང་སྡུག་བསྔལ་ག་དེམ་ཅིག་མྱོང་ཡི་ག་ འདིའི་སྐོར་ལས་གསན་ཚུགས་་་

ཨམ་ལི་ལི་དབང་ཕྱུག་་་་་་་

མངལ་སྒོའི་ཀེན་སར་བཀག་ཐབས་ཀྱི་ཐབས་ལམ་ པེཔས་མིའིར་འབད་ནི་དུས་ཚོད་འདི་ཡང་རང་གི་ཟླ་རིམ་གྱི་ཟླ་ཁྲག་འདི་ལེགས་ཤོམ་འབད་ཆད་ཞིན་ན་ལས་འབད་དགོཔ་ཨིན་མས། འདི་བཟུམ་འབད་གཞན་ ཨེཆ་པི་ཝི་སྨན་ཁབ་འདི་ཡང་ ལོ་ན་༡༢ལང་ཡོད་མི་བུམོ་ཚུ་གིས་ཐོབ་དོ་ཨིན་མས། ་་་་་་་་་་་་་་་་་་་་་

པདྨ་དབྱངས་ཅིན་་་་་་་་་་་་་་་།

གསོ་བའི་འགོ་དཔོན་ཚུ་གིས་སླབ་མི་ནང་ མངལ་སྒོའི་ཀེན་སར་ཐོབ་མི་གི་གྱངས་ཁ་ ཡར་སེང་འགྱོ་མི་འདི་ཡང་ བརྟག་དཔྱད་ཀྱི་མཐུན་རྐྱེན་དང་ མི་ཚུ་གི་འཚོ་བའི་གནས་སྟངས་ལས་བརྟེན་ཏེ་ ཨིན་ཟེར་བཤདཔ་ཨིན་མས། འདི་ཡང་མངལ་སྒོའི་ཀེན་སར་འདི་ཡང་ག་ཅི་ལས་བརྟེན་ཐོབ་དོ་ཡོདཔ་ཨིན་ནའི་སྐོར་ལས་ མི་དམངས་གསོ་བའི་ལས་ཁུངས་ནང་ལས་ ལས་རིམ་འགོ་དཔོན་ཨོ་རྒྱན་བཟངམོ་གི་བཤད་མི་ནང་་་་་་་ཨོ་རྒྱན་བཟངམོ་་་་་་་་་་་་་་་་

མངལ་སྒོའི་ཀེན་སར་འདི་ བཀག་ཐབས་འབད་ནི་གི་དོན་ལས་ གསོ་བའི་ལྷན་ཁག་གིས་ སྤྱི་ལོ་༢༠༡༠ལོ་ལུ་ ཨེཆ་ཝི་པི་་སྨན་ཁབ་འགོ་བཙུགས་ཡོདཔ་མ་ཚད་ པེཔ་སི་མེར་བརྟག་དཔྱད་ཀྱི་ལས་རིམ་འདི་ཡང་ ཐབས་ལམ་གཞན་ཅིག་སྦེ འགོ་བཙུགས་ཏེ་ཡོདཔ་ཨིན། དེ་སྦེ་མཐུན་རྐྱེན་འདི་འགོ་བཙུགས་ཏེ་ཡོད་ས་ཅིག་རུང་ ལ་ལུ་གིས་མཐུན་རྐྱེན་ལག་ལེན་འཐབ་དོ་ཡོདཔ་ཨིན་མ་དང་ ལ་ལུ་གིས་འདི་ལུ་སྣང་དག་མེདཔ་ཨིན་མས་་་་་་་་་་་་་་་་་་་་་་ཨམ་སྲུ་་་་་་་་་་་་་་་་

མི་དམངས་གསོ་བའི་ལས་ཁུངས་ཀྱི་ཞིབ་འཚོལ་འབད་ཡོད་མི་དང་འཁྲིལ་བ་ཅིན་ དབྱིན་ལོ་༢༠༠༩་ཚུན་ རྒྱ་གར་གྱི་སྨན་ཁང་ནང་ལུ་ མངལ་སྒོའི་ཀེན་སར་ཐོབ་ཡོད་མི་ནདཔ་༤༥དེ་ཅིག་ཐོ་བཀོད་དེ་ཡོདཔ་ཨིནམ་དང་ དབྱིན་ལོ་༢༠༠༠ལས་༢༠༠༩ལོ་ཚུན་ནད་བརྟག་དཔྱད་འབད་ཡོད་མི་ཟད་འགྲོ་བསྡོམས་བྱི་བ་༣༢ལྷགཔ་ཅིག་སོང་ཡོདཔ་ཨིན་མས། མངལ་སྒོའི་ཀེན་སར་གྱི་ནད་གཞི་འདི་ཐོབ་པ་ཅིན་འདི་གི་རང་ལུ་སྟབས་མ་བདེཝ་ཐོནམ་མ་ཚད་ གཞུང་ལུ་སྐོ་བྱོང་སྦོམ་ཕོགཔ་དོ་ཡོདཔ་ལས་ ང་བཅས་ཨམ་སྲུ་འདི་ཚུ་གིས་་་་ངོ་ཚཝ་བ་ གལ་ཆེཝ་དམ་ཟེར་སླབ་དོ་བཟུམ་འབད་ ག་ར་གྱི་དརེས་ལས་རང་ དུས་ཚོད་ཁར་པེཔས་མིའིར་རྐྱབ་སྟེ་མངལ་སྒོའི་ཀེན་སར་འདི་བཀག་ཐབས་འབད་གེ། ཞིབ་འཚོལ་དང་ཟིན་བྲིས་འབྲི་མི་ སངས་རྒྱས་དབངམོ།

      བདེ་བ་ཐང་ལུ་མོ་ནད་མཁས་མཆོག་མེད་པའི་གདོང་ལེན་བྱུང་ཡོད་པའི་སྐོར།

སྤྱིར་ཆོས་ལྡན་འབྲུག་གི་རྒྱལ་ཁབ་འདི་ རི་མཐོ་བ་ ས་གཙང་བ་ དྭངས་བསིལ་དང་ལྡན་པའི་ཡན་ལག་བརྒྱད་ལྡན་གྱི་བདུད་རྩིའི་ཆུ་ཚུ་ཡང་ གངས་ལས་མར་ ག་ནི་བ་ཁམས་དྭངས་ཏོག་ཏོ་འབད་འབབ་སྟེ་ཡོད་ནི་འདི་གིས་ མི་དང་སེམས་ཅན་ཚུ་ལུ་ ནད་འབུབ་སྤེལ་བའི་གདུག་པའི་སྲོག་ཆགས་ཉུང་བའི་རྒྱལ་ཁབ་གཅིག་ཨིན་ཏེ་འབད་རུང་  མི་རང་རང་སོ་སོ་གིས་བསགས་པའི་ལས་ཀྱི་སྣ་སྨིན་འདི་འཁོར་ཏེ་འོང་པའི་བསྒང་ལས་ ཤ་ཁྲག་གི་ཕུང་པོ་འདི་ལུ་ ནད་འབུབ་ཟུན་ཏེ་ན་ནི་འདི་ འཇིག་རྟེན་ཀུན་གྱི་རང་བཞིན་གཅིག་ཨིན་རུང་ ལ་ལུ་ཅིག་བཟོད་མ་ཚུགས་པའི་ནད་གཞི་གིས་སྡུག་བསྔལ་མྱོང་སྟེ་སྡོད་སར་མཐོངམ་ད་ ང་བཅས་རའི་སེམས་ལུ་ཡང་ བཟོད་མ་ཚུགས་པའི་སྙིང་རྗེ་སྐྱེསཝ་ཨིན་པས། དེ་འབདཝ་ལས་ ང་བཅས་རའི་སྤྱི་གཙུག་སྦུ་གི་ཉི་ཟླ་ དྲིན་ཅན་གྱི་རྒྱལཔོ་ མི་དབང་རིམ་བྱོན་ཚུ་གིས་ མི་སེར་ཚུ་གི་དོན་ལུ་ ཐུགས་བཞེད་རྒྱ་ཆེཝ་འབད་གནང་སྟེ་ འབྲུག་རྒྱལ་ཁབ་ཀྱི་རྫོང་ཁག་དང་རྒེད་འོག་མཐའམ་ཐད་ཁ་ལས་ཕར་ སྨན་ཁང་དང་ འདི་ནང་དགོ་པའི་སྨན་ཁང་གི་ཅ་ཆས་ཚུ་ཡང་ གོང་ཚད་སྦོམ་སྤྲོད་དེ་སྤུས་ཚད་ཅན་གྱི་མཁོ་ཆས་ཚུ་ བཙུགས་ཏེ་ཡོདཔ་ཨིན་རུང་ སྨན་ཁང་ནང་གི་ཅ་ཆས་ཚུ་གཡོག་བཀོད་ཚུགས་མི་ དྲུང་འཚོ་དང་སྨན་གཡོགམོ་ཚུ་མ་ལང་པའི་དཀའ་ངལ་འདི་ ཐོནམ་ཐོན་སར་ར་ ཡོདཔ་ཨིན་མས་་་་་་སྙན་ཆ་་་་་་་་་་་་་་་་་།

དེ་བཟུམ་འབད་ ད་རེས་ཀྱི་གནས་སྟངས་ནང་བཟུམ་འབད་བ་ཅིན་བསམ་གྲུབ་ལྗོངས་མཁར་རྫོང་ཁག་གི་བདེ་བ་ཐང་སྨན་ཁང་ནང་ལུ་ མོ་ནད་མཁས་མཆོག་མེད་ནི་འདི་གིས་ མི་སེར་ཚུ་ལུ་སྟབས་མ་བདེཝ་སྦོམ་རང་བྱུང་ཡོདཔ་ཨིན་མས་་་་་་་་་་་་་་་་་་་་་་མི་མང་གི་བསམ་འཆར་་་་་་་་་་་་་་་་།

བསམ་གྲུབ་ལྗོངས་མཁར་རྫོང་ཁག་བདེ་བ་ཐང་རྒེད་འོག་ནང་ལུ་ མོ་ནད་མཁས་མཆོག་མེད་པར་ལོ་གཅིག་ལང་ནི་འབད་ཡོད་རུང་ ད་ལྟོ་ཚུན་འབད་ཐབས་ག་ནི་ཡང་མེད་པར་ལུས་ཡོདཔ་ཨིན་མས། བདེ་བ་ཐང་རྒེད་འོག་གི་རྒཔོ་སངས་རྒྱས་དཔལ་བཟང་གི་འབད་བ་ཅིན་ བདེ་ཐང་ལུ་མོ་ནད་མཁས་མཆོག་ཡོད་པ་ཅིན་ བདེ་བ་ཐང་གི་མི་སེར་རྐྱངམ་ཅིག་མེན་པར་ བསམ་གྲུབ་ལྗོང་མཁར་དང་པདྨ་དགའ་ཚལ་གྱི་མི་སེར་ལུ་ཡང་ཕན་ཐོགས་སྦོམ་རང་བྱུང་འོང་ཟེར་ཨིན་མས་་་་་་་་་་་་་་་རྒཔོ།་་་་་་་་་་་་་་་་་

སྐྱེས་ལོ་༢༣ལང་ཡོད་མི་ཚེ་རིང་ལྷ་མོ་འདི་ ཨ་ལོ་སྐྱེས་ནི་དུས་ཚོད་ཚང་དོ་ཡོདཔ་ལས་ མོ་ལུ་ད་རེས་ཚ་གྱང་འདི་ བདེ་བ་ཐང་ལུ་མོ་ནད་མཁས་མཆོག་མེད་པར་ ཨ་ལོ་སྐྱེས་བར་མོང་སྒར་འགྱོ་དགོ་པའི་བསྒང་ལས་ ལམ་ཁར་སྟབས་མ་བདེཝ་མི་འབྱུང་ག་ཟེར་བའི་དོགས་པ་ཨིན་མས་་་་་་་་་་་

ཨམ་སྲུ་གྲུམ་ཅན་་་་་་།

བསམ་གྲུབ་ལྗོངས་མཁར་རྒེད་འོག་གི་དྲུང་འཚོ་ལས་འཕྲོ་གི་བཤད་མི་ནང་ ཧེ་མ་བདེ་བ་ཐང་ལུ་མོ་ནད་ཡོད་པའི་སྐབས་སུ་ བསམ་གྲུབ་ལྗོངས་མཁར་གྱི་ནདཔ་ཤུགས་ཅན་ཚུ་ག་ར་ལུ་ ཁས་ཕན་སྦོམ་རང་བྱུང་ཡི་ཟེར་ཨིན་རུང་ སྐབས་ཅིག་མོ་ནད་མཁས་མཆོག་མེདཔ་ལས་ ནདཔ་ཤུགས་ཅན་ཚུ་ག་ར་ པདྨ་དགའ་ཚལ་དང་མོང་སྒར་ལུ་གཏང་དགོཔ་འཐོན་ནི་འདི་གིས་ སྟབས་མ་བདེཝ་བྱུང་མས་ཟེར་ཨིན་མས་་་་་་་་་་་་་་་་་་

དྲག་ཀྲར་་་་་་་།

གནད་དོན་འདིའི་སྐོར་ལས་འབྲེལ་བ་ཡོད་པའི་ལྷན་ཁག་ལུ་སྙན་ཞུ་འབད་ཡོདཔ་ལས་ བདེ་བ་ཐང་གི་མི་སེར་ཚུ་གིས་འཕྲལ་མགྱོགས་རང་ རྒེད་འོག་འདི་ནང་ མོ་ནད་མཁས་མཆོག་ཅིག་ཐོབ་འོང་མནོ་བའི་རེ་བ་དང་ འདི་གིས་ཁོང་གིས་ད་ལྟོ་ཐོན་ཡོད་པའི་དཀའ་ངལ་འིད་སེལ་ཚུགས་ཏེ་ གནས་སྟངས་འིད་ལོག་ཨ་རྟག་ཧག་ལུ་འབྱུང་བཅུག་ཟེར་བའི་སྨོན་ལམ་བཏབ་ཨིན་མས། ད་རེས་ཀྱི་ལས་རིམ་འདི་ཡང་ ང་བཅས་རྒྱང་བསྒྲགས་ཀྱི་ལས་རིམ་བཟོ་མི་དག་པ་ཅིག་ལྷོ་ཕྱོགས་རྫོང་ཁག་ལུ་བལྟ་བཤལ་ནང་འགྱོ་བའི་སྐབས་ བསྡུ་སྒྲིག་འབད་བའི་ལས་རིམ་ཅིག་ཨིན། ལས་རིམབཟོ་མི་སངས་རྒྱས་དབང་མོ་གིས་བཀྲིན་ཆེ་ཟེར་ཞུ་ནི། ཞིབ་འཚོལ་དང་ཟིན་བྲིས་འབྲི་མི་ སངས་རྒྱས་དབངམོ།

 

ཐུགས་འཆར།

This site uses Akismet to reduce spam. Learn how your comment data is processed.