ལོ་ཅི་རྒེད་འོག་སྐོར།

ད་རེས་ཀྱི་རྒེད་འོག་གོང་འཕེལ་གྱི་ལས་རིམ་ཞུ་ནི་འགོ་བཙུགཔ་དང་ཅིག་ཁར་ ལས་རིམ་སྙན་གསན་མི་ཚུ་ལུ་ ལས་རིམ་བཟོ་འདི་ རྒྱང་བསྒྲགས་ཞུ་མི་ ཟླ་བ་པདྨོ་གིས་སྐུ་གཟུགས་བཟང་པོ་ཟེར་ཞུ་ནི། ད་རེས་ཀྱི་ལས་རིམ་ནང་ལུ་ ཆུ་ཁ་རྫོང་ཁག་ ཕུན་ཚོགས་གླིང་དྲུང་ཁག་འོག་ལུ་ཡོད་མི་ ལོག་ཅི་ན་རྒེད་འོག་ནང་ལུ་ མི་སེར་ཚུ་ལུ་མཁོ་ཆེ་བའི་མཐུན་རྐྱེན་ཚུ་གི་ཁྱབ་ཚད་དང་གོང་འཕེལ་གྱི་ འཆར་གཞི་ཚུ་ གི་ སྐོར་ལས་གསན་ཚུགས་ཟེར་ཞུ་ནི་ཨིན།

སྙན་ཆ།

དེ་ཡང་ ཆུ་ཁ་རྫོང་ཁག་ནང་ལུ་ རྒེད་འོག་ ༡༡ ཡོད་པའི་གྲལ་ལས་ ལོག་ཅི་ན་རྒེད་འོག་ནང་ལུ་འབད་བ་ཅིན་ སྤྱི་འོག་དང་ ཁྱིམ་གུང་ ༢༢༠  དེ་ལས་ མི་རློབས་འབད་བ་ཅིན་༢༦༤༠ དེ་ཅིག་ཡོདཔ་ཨིན་མས། སྟེ་ རྒེད་འོག་འདི་ ཕུན་ཚོགས་གླིང་དྲུང་ཁག་ཡིག་ཚང་ ནང་ལས་ གཞུང་འབྲེལ་ཉིན་ལམ་གཉིས་ཀྱི་ས་ཁར་ཆགས་ཏེ་འདུག།

ང་བཅས་རའི་རྒྱལ་ཁབ་ཀྱི་གྲོང་གསེབ་གཡུས་ཚན་ཁག་སོ་སོ་ནང་ལུ་ མི་སེར་ཚུ་གི་འོང་འབབ་ཡར་སེངས་འབད་དེ་ འཚོ་བའི་   གནས་སྟངས་་ཡར་དྲགས ་གཏང་ཐབས་ལུ་ གཞི་རྟེན་མཐུན་རྐྱེན་ཚུ་གི་གྲལ་ལས་ ཁག་ཆེ་ཤོས་རང་ སོ་ནམ་ཞིང་ལམ་དང་གློག་མེ་གི་ཞབས་ཏོག་འདི་ཨིན་རུང་ རྒེད་འོག་ལ་ལུ་ཅིག་ནང་ ད་ལྟོ་བར་ཡང་ མཐུན་རྐྱེན་ཚངམ་སྦེ་མ་ཐོབ་པར་ དཀའ་ངལ་བྱུང་སྟེ་སྡོད་སར་མཐོངམ་ཨིན་པས ང་བཅས་རྒྱང་བསྒྲགས་ཀྱི་ལས་རིམ་བཟོ་མི་སྡེ་ཚན་ཅིག་ ཕུན་ཚོགས་གླིང་དྲུག་ཁག་འོག་གི་ས་གནས་ཚུའི་ནང་ ལས་རིམ་བཟོ་བར་འགྱོ་བའི་སྐབས་ལུ་ ལོ་ཅི་ནང་རྒེད་འོག་ནང་སོང་སྟེ་ གོང་འཕེལ་གྱི་གཞི་རྟེན་མཐུན་གྱི་ཁྱབ་ཚད་གྱི་སྐོར་ལས་དབྱེ་བ་དཔྱདཔ་ད་ ལོ་ཅི་ན་རྒཔོ་གིས་ཁ་གསལ་སྦེ་བཤད་མི་ནང་།

ལན།

ལོག་ཅི་ན་རྒེད་འོག་འདི་ ཕུན་ཚོགས་གླིང་དྲུང་ཁག་ལས་ ས་ཐག་རིང་སར་ཆགས་ཡོད་མི་ལུ་བརྟེན་ གཞུང་དོན་གྱི་ལཱ་གི་དོན་ལུ་ རྫོང་ཁག་བདག་སྐྱོང་དང་དྲུང་ཁག་བགད་སྐྱོང་དང་གཅིག་ཁར་ འབྲེལ་བ་འཐབ་ནི་གི་དོན་ལུ་ གནམ་དགུན་གྱི་སྐབས་ དཀའ་ངལ་གནམ་མེད་ས་མེད་ཅིག་ར་མེད་དེ་འབད་རུང་ གནམ་བྱཱ་  ཆར་ཆུ་འབོལ་བའི་དུས་ཚོད་ལུ་ མི་སྡེ་འགོ་འཁྲིདཔ་ཚུ་ རྫོག་དང་དྲུང་ཁག་བདག་སྐྱོང་དང་འབྲེལ་བ་འཐབ་ནི་ལུ་ སྟབས་མ་བདེཝ་སྦོམ་སྦེ་རང་ཐོན་ཐོ་ཡོདཔ་ཨིན་མས།      

Interview gup

རྒེད་འོག་འདི་ནང་ལུ་ དུས་ཡུན་ཐུང་ཀུ་གཅིག་གི་ནང་འཁོད་ནང་ལུ་ གོང་འཕེལ་གྱི་འགྱུར་བ་ལེ་ཤ་སྦེ་འཐོན་ཡོདཔ་ལས་ ཧེ་མ་དང་ཕྱདཔ་ད་ ལཱ་ག་ཅི་འབད་དགོ་རུང་འཇམ་ཏོག་ཏོ་སྦེ་འབད་ཚུགསཔ་ལས་ དཀའ་ངལ་གནམ་མེད་ས་མེད་ཅིག་རང་མེདཔ་ཨིན་རུང་ འཕྲལ་འཕྲལ་སྐབས་ ལོ་ཐོག་ཚུ་ལུ་རི་དྭགས་སེམ་ཅན་ཚུ་གི་གནོདཔ་བསྐྱལ་ཏེ་ སྟབས་མ་བདེཝ་དུམ་གྲ་རེ་ཐོན་དོ་ཡོདཔ་ཨིན་མས།

InterviewMangmi

གཞུང་གི་ཁ་ཐུག་ལས་ གོང་འཕེལ་གྱི་དོན་ལུ་རྒེད་འོག་རེ་རེ་བཞིན་ལུ་ རྒེད་འོག་གནང་བྱིན་མ་དངུལ་གནང་མི་ཚུ་ ལོག་ཅི་ན་རྒེད་འོག་ནང་ལུ་འབད་བ་ཅིན་ རྒེད་འོག་བདག་སྐྱོང་ཁ་ཐུག་ལས་ མ་དངུལ་འདི་ཚུ་སྤྱི་འོག་ག་ར་ནང་ ཚུལ་མཐུན་སྦེ་བགོ་བཀྲམ་འབད་ནིའི་དོན་ལུ་མི་སེར་ཚུ་དང་གཅིག་ཁར་འགྲོས་བསྟུན་ལེགས་ཤོམ་སྦེ་འབད་དེ་ མ་དངུལ་བགོ་བཀྲམ་འབད་དོ་ཟེར་ཨིནམ་དང་ དྲུང་ཁག་བདག་སྐྱོང་གི་ཁ་ཐུག་ལས་ཡང་རྒེད་འོག་ཚུ་ནང་ལུ་ འཆར་གཞིའི་མ་དངུལ་ཚུ་ དགོས་མཁོ་དང་བསྟུན་ ལག་ལེན་འཐབ་ག་མ་འཐབ་ ཞིབ་དཔྱད་ཚུ་ལེགས་ཤོམ་སྦེ་རང་གནང་དོ་ཡོདཔ་མ་ཚད་ ཁོང་ལུ་དགོ་པའི་ བརྒྱབ་བསྐྱོར་ ཚུ་ཡང་ག་དེ་ དྲག་དྲག་མཛད་གནང་དོ་ཟེར་ཨིན་མས།

Interview Gup Dungpa pling

འདི་བཟུམ་སྦེ་ ལོ་ལྔའི་འཆར་གཞི་ཚུ་བརྩམས་པའི་སྐབས་ལུ་ཡང་ སྤྱི་འོག་རེ་རེ་བཞིན་དུ་དང་གཅིག་ཁར་བསྟུན་འགྲོས་འབད་དེ་ ལོ་ངོ་ རེ་རེུ་བཞིན་དུ་གི་གཙོ་རིམ་སྒྲིག་ཏེ་ རྒེད་འོག་ཚོགས་སྡེ་དང་རྫོང་ཁག་ཚོགས་སྡེ་ནང་ལུ་གསུངས་འགྲོས་གནང་ཐོག་ལས་འབད་ནི་ འདི་གིས་ འཆར་གཞིའི་མ་དངུལ་ཚུ་ རྒེད་འོག་བདག་སྐྱོང་གི་འགྲོས་འབུལ་ཕུལ་དོ་བཟུམ་སྦེ་ ཐོབ་ནི་འདི་གིས་་ ད་ལྟོ་ཚུན་ཚོད་ལོག་ཅི་ན་ རྒེད་འོག་ནང་ལུ་  གཞན་རྒེད་འོག་ཚུ་ནང་བཟུམ་སྦེ་གོང་འཕེལ་གྱི་དོན་ལུ་ མ་དངུལ་ཚུ་མ་ལངས་པའི་ དཀའ་ངལ་ གནམ་མེད་ས་མེད་ ཅིག་རང་མེདཔ་ཨིན་མས།

Interview gup

ད་རེས་ནངས་པ་ རྒེད་འོག་བདག་སྐྱོང་ཡིག་ཚང་ལ་ལོ་གཅིག་ནང་འབད་བ་ཅིན་ མི་སེར་ཚུ་རྒེད་འོག་ཡིག་ཚང་ནང་ ས་ཁྲལ་དང་གུང་ཁྲལ་ མི་རྩིས་དང་གཞན་ལཱ་རེ་ཐོན་ཏེ་འོང་པའི་སྐབས་ རྒཔོ་དང་དམང་མི་དེ་ལས་ ཚོགས་པ་ཚུ་ཕྱད་མ་ཚུགས་པ་ཁོང་གི་ དུས་ཚོད ་འཕྲོ་བརླག་ གཏང་དོ་ཡོད་པའི་སྐོར་ལས་ ཉོགས་བཤད་བཀོད་དོ་ཡོདཔ་ཨིན་རུང་ ལོག་ཅི་ན་རྒེད་འོག་ནང་བཟུམ་ཅིག་ འབད་བ་ཅིན་ མི་སེར་ཚུ་ དུས་ནམ་རང་འོང་རུང་རྒེད་འོག་བདག་སྐྱོང་ཡིག་ཚང་གི་ཁ་ཐུག་ལས་ ཞབས་ཏོག་དུས་ཚོད་ཁར་བྱིན་དོ་ ཡོད་པའི་ཁར་ མི་སེར་ཚུ་གི་ ཕན་ཐབས་ལུ་དམིགས་ཏེ་  འཕྲལ་འཕྲལ་སྦེ་བདུན་ཕྲག་ ངལ་གསོ་གི་སྐབས་ལུ་ཡང་ལཱ༌ཚུ༌ ཕྱག་ལཱ་མཛད་དགོན་འཐོན་དོ༌ཡོདཔ་ཨིན༌མས།

Interview Mangmi Vox pop

ད་རེས་ཀྱི་བདུན་ཕྲག་རྒེད་འོག་གོང་འཕེལ་གྱི་ལས་རིམ་ནང་ལུ་ ཆུ་ཁརྫོང་ཁག ལོག་ཅི་ན་རྒེད་འོག་ནང་ལུ་ མི་སེར་ཚུ་གི་ འཚོ་བའི་གནས་སྟངས་ཀྱི་དཀའ་ངལ་དང་ གཞུང་གི་ཁ་ཐུག་རྒེད་འོག་གོང་འཕེལ་གྱི་དོན་ལུ་ གནང་ཡོད་མི་མ་དངུལ་ཚུ་ ཚུལ་མཐུན་སྦེ ་ག་དེ་སྦེ་ལག་ལེན་འཐབ་དོ་ཡོདཔ་ཨིན་ནའི་སྐོར་ལས་ལས་རིམ་འདི་དེ ཅིག་འབད་གསན་་ཚར་ཡི། ལས་རིམ་གསན་མི་ཚུ་ལུ་ བཀའ་དྲིན་ཆེ་ཟེར་ཞུ་ནི་དང་ཤུལ་མམ་གི་བདུན་ཕྲག་ནང་ལུ་ ལོག་སྟེ་རང་ གཟུགས་བཟངམོ་འབད་མཇལ་འོང་།