བོད་སྒྲ་རྩོམ་མི།

གངས་ལ་འགྲིམ་པའི་སེང་ཆེན་དཀར་མོ་ཁྱོད།

དུས་རབས་༡༠པའི་ནང་ འདས་ལོགམ་ཨ་ཞེ་སྣང་ས།
དག་པ་ཡུལ་བཟང་ཕྱོགས་ལ། བདུད་འཇོམས་རིན་པོ་ཆེ་ འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
རྒྱལ་ལོ་རྒྱལ་ལོ་ལྷ་རྒྱལ་ལོ། འབྲུག་གི་རྩ་བ་གསུམ་ལུ་བསྟོད་པའི་གླུ་ རྒྱལ་ལོ་རྒྱལ་ལོ་ཟེར་མི་འདི་ དུས་རབས་༢༠་པའི་ནང་ དྲག་ཤོས་ཁྱབ་
བདག་གིས་བརྩམས་གནང་ཞིནམ་ལས་ དྲག་ཤོས་ཨ་ཁུ་ཀྲོང་མི་གིས་ གདངས་དབྱངས་བཟོ་སྟེ་དར་ཁྱབ་བཏང་ནུག།
ལ་མོ་གཅིག་བརྒལ། ཚོང་དཔོན་ནོར་བུ་བཟང་པོ།
སྤུངས་ཐང་བདེ་ཆེན་ཆགས་པའི་ནང་བཤེད་ནང་། ཡུམ་སེངྒེ་སྒྲོལ་མ།
འདི་གནས་རྡོ་རྗེ་བྲག་ལ། རྗེ་བཙུན་རས་ཆུང་པའི་སློབ་མ་གཅིག་གིས་བརྩམས་ནུག།
དགུང་སངས་མཐོན་པོ་ཁྲི་གདུགས་ཉི་མ་ཤར།། དགུང་སངས་མཐོན་པོ་ཁྲི་གདུགས་ཉི་མ་ཤར་ཟེར་མི་དེ་ སྤྱི་ལོ་༡༩༧༢་ལུ་ རིག་གཞུང་སློབ་གྲྭའི་སློབ་དཔོན་

བསོད་ནམས་སྟོབས་རྒྱས་ཀྱིས་གསར་བརྩམས་གནང་སྟེ་ རིག་གཞུང་སློབ་ཕྲུག་ཚུ་གིས་གདངས་དབྱངས་བཟོ་སྟེ་དར་ཁྱབ་བཏང་ནུག།

རྫོང་འདི་ཨེ་མོ་རོང་གི། ཨཔ་ཚེ་བརྟན་རྡོ་རྗེ།
སེམས་དང་སེམས་ཀྱི་བཀྲ་ལ་ཤིས། གོང་ས་སྐུ་འཕྲེང་༦པ་རིག་འཛིན་ཚང་དབྱངས་རྒྱ་མཚོའི་གསུང་འབུམ་ནང་ལས་བཏོན་ཏེ་ འགོ་ཐོག་གཡང་སྐྱིད་ཀྱིས་
འཐེན་དེ་དར་ཁྱབ་བཏང་ནུག།
སྒ་ས་ཕྱོགས་ནས་ཡོང་དུས། དབྱངས་སྐྱིད།
བྱ་འདི་ཁྲུང་ཁྲུང་དཀར་མོ། རིག་འཛིན་ཚང་དབྱངས་རྒྱ་མཚོ་གིས་ འཇམ་པ་གསང་ཡུམ་སྦེ་བཞེས་པའི་རྐྱེན་ལུ་བརྟེན་ སྤྱི་ལོ་༡༧༤༠ལུ་བརྩམས་ནུག།
ཨེ་མ་སྨོན་ལམ་དབང་གིས། བདུད་འཇོམས་རིན་པོ་ཆེ་ དགུང་ལོ་༢༥སྦེ་བཞུགས་པའི་སྐབས་ ཨ་བརྒྱ་གནས་ལུ་སྦེ་བརྩམས་ནུག།
སྐྱིད་པའི་མཁོ་མཐིང་ལྷ་ཁང་། གནམ་ལོ་སྤྲེལ་ལོ་ལུ་ འབྲུག་པའི་གནས་བསྐོརཔ་ཅིག་གིས་བརྩམས་ནུག།
དཔལ་ལྡན་གཡས་སུ་འཁྱིལ་བའི། རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་དྲུང་ཆེན་བགྲེསཔ་ དྲག་ཤོས་སངས་རྒྱས་རྡོ་རྗེ།
ལྷོ་ལྗོངས་སྨན་ལྗོངས་རང་དབང་རྒྱལ་ཁབ་འདི།། ཞབས་བྲོ་འདི་ ཨ་ཞེ་ཆོས་སྐྱིད་དབང་མོ་མཆོག་གིས་ སྤྱི་ལོ་༡༩༧༡ལོ་ལུ་ ང་བཅས་འབྲུག་རྒྱལ་ཁབ་འདི་ སྟོབས་ཤུགས་ཅན་གྱི་རྒྱལ་ཁབ་ཚུ་དང་འདྲན་འདྲ་འཛམ་གླིང་སྤྱི་ཚོགས་ཀྱི་འཐུས་མི་གྱལ་ཁར་ཚུད་ཚུགས་པའི་དྲན་རྟེན་ལུ་མཛད་གནང་གནངམ་ཨིན་པས།
སྤ་རོ་སྐྱེར་ཆུ་ལྷ་ཁང་། བརྗོད་དོན་ཆོས་རྒྱལ་སྲོང་བཙན་སྒམ་པོས་ མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་སྦེ་བཞེངས་པའི་སྤ་རོ་སྐྱེར་ཆུ་ལྷ་ཁང་ཟེར་མི་དེ་ཚིག་དང་གདངས་གཉིས་ཆ་ར་ སློབ་ཚེ་བརྟན་རྡོ་རྗེ་གིས་བཟོ་སྟེ་དར་ཁྱབ་བཏང་བཏངམ་ཨིན་པས།དེ་བཟུམ་སྦེ་ རི་རྒྱང་བསམ་གཏན་གླིང་ལ་ ཟེར་མི་གི་ ཚིག་དང་གདངས་དབྱངས་གཉིས་ཆ་ར་ཡང་ སློབ་ཚེ་བརྟན་རྡོ་རྗེ་གིས་བཟོ་བཟོཝ་ཨིན་པས།
གནས་འདི་ནས་ཕར་ལ་མཇལ་ཙ་ན། སྐུ་འཁོར་ཨ་ཞེ་དབང་མོ།
འཛམ་གླིང་ཡངས་པའི་གླིང་ལ། མི་དབང་འབྲུག་རྒྱལ་དང་པའི་སྲསམོ་ཨ་ཞེ་དབང་མོ་གིས་ རྩ་བའི་བླམ་བཅུ་དྲུག་རིག་པའི་རྡོ་རྗེ་ལུ་ བཀའ་དྲིན་རྗེས་དྲན་གྱི་དོན་ལུ་བརྩམས་ཡོདཔ་ཨིན་པས།
སྐལ་བཟང་གསེར་ཁྲིའི་སྟེང་ལ། བླམ་བྱག་སྤྲུལ་སྐུ།
ལྷུན་གྲུབ་རྩེ་གི་རྫོང་ཆེན། ལྷུན་རྩེའི་རྫོང་གི་བཤད་པ་བཟུམ་ཅིག་སྦེ་ ལྷུན་རྩེའི་རྫོང་དཔོན་ཅིག་གིས་བརྩམས་ཡོདཔ་ཨིན་པས།
ཚེས་ཆེན་བཅོ་ལྔའི་ཟླ་བ། རིན་པོ་ཆེ་རྒྱལ་དབང་ཉི་མ་ སེམས་རྟོགས་ཁ་རིག་གཞུང་སློབ་གྲྭའི་དབུ་འཛིན་སྦེ་བཞུགས་པའི་སྐབས་བརྩམས་གནང་ཞིནམ་ལས་ ཨཔ་ཚེ་བརྟན་རྡོ་རྗེ་གདངས་དབྱངས་བཟོ་ནུག།
ལྕགས་ཟམ་འོག་གི་ཆུ་འདི་ཧེ།
འཛམ་བུ་གླིང་ལ་གང་ཡང་ཡོད། ཀུན་གསལ་རྩོམ་སྒྲིགཔ་བགྲེསཔ་མགོན་པོ་རྡོ་རྗེ་གིས་གསར་བརྩམས་འབད་ཡོདཔ་མ་ཚད་ ཨ་ཏ་ཡེ་ཤེས་ཀྱིས་གདངས་དབྱངས་བཟོ་སྟེ་དར་ཁྱབ་སོང་ནུག།
ཆུ་མོའི་འགྲམ་ལ་བཞུགས་པའི། རྗེ་བཙུན་རས་ཆུང་རྡོ་རྗེ་གྲགས་པ་ ལྷ་ལྕམ་ལས་ཟུར་ཏེ་བྱོན་པའི་སྐབས་ལུ་ གྲུ་དཔོན་གྱ་ངོར་ལུ་བརྩམས་གནང་ནུག།
སྔོ་ལྗང་ཤིང་ལོའི་ཚལ་གྱི། སློབ་དཔོན་པངྨ་ལ།
ཁྱོད་སྣང་སའི་དལ་འབྱོར་མི་ལུས་འདི། རྗེ་བཙུན་སྒྲོལ་མའི་རྣམ་སྤྲུལ་རིགས་བཟང་གི་མཁའ་འགྲོ་མ་ཨ་ཞེ་སྣང་ས་འདི་ ཀུ་ན་ཆུང་ཀུ་བསྒང་ལས་ཆོས་ལུ་བྱོན་ནིའི་ཐུགས་འདོད་སྦོམ་ཡོད་རུང་ དགུང་ལོ་༡༥ལུ་མྱང་སྟོད་རི་ན་གི་རྒྱལཔོ་སྒྲ་ཆེན་གྱི་སྲས་གྲགས་པ་བསམ་གྲུབ་ཀྱིས་བཙུནམོ་སྦེ་བཀྲིས་མངའ་གསོལ་ཞུ་སྟེ་འབད་རུང་ ལས་འཕྲོ་ཆོས་ལུ་ཡོད་ནི་འདི་གིས་ ཞིང་ཁར་དཀར་རྔ་སྟེ་བཞུགས་པའི་སྐབས་ལུ་ ཆོས་ལུ་བསྐུལ་མ་གནང་ནིའི་དོན་ལུ་ རྗེ་བཙུན་རས་ཆུང་རྡོ་རྗེ་གྲགས་པ་དང་ཉེ་གནས་རིན་ཆེན་གྲགས་པ་དཔོན་གཡོག་གཉིས་ཀྱིས་ འདས་ལོག་ཨ་ཞེ་སྣང་ས་ལུ་གསུངས་པའི་ཚིག་ཚུ་ ཤུལ་ལས་གདངས་བཟོ་སྟེ་དར་ཁྱབ་སོང་ནུག།
ཁྱོད་ནངས་པ་དགུང་སངས་མཐོན་མོ།

ཨ་ནེམ་ཅིག་ སྔོན་མ་ཆོས་མ་འབད་བའི་སྐབས་ལུ་ ཕོ་རྒས་ཚེ་རིང་རྡོ་རྗེ་ཟེར་མི་དེ་དང་ གཉེན་གྲོགས་བསྡོམས་ཏེ་འཇིག་རྟེན་རྐྱབ་སྟེ་འབད་རུང་ ལས་གནམ་བསྐོས་རྫོགས་ཏེ་ ཁ་བྱལ་བའི་ཤུལ་ལུ་ འཇིག་རྟེན་གྱི་བྱ་བ་ལུ་ཞེན་པ་ལོག་སྟེ་ དགོན་པར་ཆོས་འབད་དེ་སྡོད་ནུག། དེ་ལས་ཚར་ཅིག་ལུ་ གཡུས་སྒོ་ནང་བསོད་སྙོམས་ལྷང་པར་སོང་སྟེ་ ཁྱིམ་ཅིག་ནང་གནསཔོ་བརྙ་བར་འགྱོཝ་ད་ ལོ་ཆོག་གཏངམ་ད་ཁ་ཐུག་རྐྱབ་སྟེ་ ཕྱི་རུ་ཆོ་ག་གྲོལ་ཞིནམ་ལས་ ཞབས་ཁྲ་བསྐོར་རྒྱབ་སྦེ་རྐྱབ་ད་ མོའི་གཉེན་གྲོགས་བགྲེསཔ་ཚེ་རིང་རྡོ་རྗེ་ཟེར་མི་དེ་ཡང་ཡོད་ནི་འདི་གིས་ ཁོ་ལུ་སྒྲ་དཔག་སྟེ་ ཁྱོད་ནངས་པ་དགུངས་སངས་མཐོན་མོ་ཟེར་མི་འདི་འཐེན་རུང་ གཉེན་གྲོགས་འདི་གིས་ཧ་གོ་མ་ཚུགསཔ་ལས་བརྟེན་ མཇུག་གི་ཚིག་གྲོགས་ནང་ ཁྱོད་ཡང་ནངས་པ་ཚེ་རིང་རྡོ་རྗེ།།ང་ཡང་ནངས་པ་ཤེས་ཅང་སྒྲོན་མ་ཟེར་བའི་ཚིག་བཙུགས་ཏེ་འཐེན་མི་འདི་གིས་ ཁོ་ཡང་དགའ་ལི་སྔུ་ལི་ཐལ་ཏེ་ ཨ་ནེམ་འདི་ཕང་མར་བཏབ་པའི་ལོ་རྒྱུས་འདུག། དེ་ལས་ཚུར་ཁྱབ་བྱུང་ནུག།

ཐུགས་འཆར།

This site uses Akismet to reduce spam. Learn how your comment data is processed.