ལཱ་གཡོག་འཚོལ་མིའི་སྐོར་ལས་སྲུང་།

བཀྲིས་་་་་་་་་་་གསལ་བཤད་པ་་་་་་་་་་་རྒྱལ་ས་ཐིམ་ཕུག་འདི་ ང་བཅས་རའི་གཡུས་ཁ་བཟུམ་སྦེ་མེན་པ་་་་་་་ཁྲོམ་ལམ་དང་སྣུམ་འཁོར་འགྲོ་འགྲུལ་འབད་སར་ལས་ཕར་ མི་དང་སྣུམ་འཁོར་གྱི་ལྟེམ་ལྟེ་སྒང་འདི་ འུར་འབྱེལ་ཆེ་དྲགས་ཀྱི་ས་ཁོངས་ཅིག་ཨིན་མས། ཏེ་ང་ཉིནམ་ཨ་རྟག་ར་ཁྲོམ་ཁར་འགྱོཝ་ད་ ཆ་རོགས་ཚུ་དང་ཕྱད་ནི་འདུག འདིའི་སྐབས་ལུ་ང་བཅས་ཆ་ཁྱབ་ ལཱ་གཡོག་གི་སྐོར་ལས་ལོ་རྒྱུ་རང་སླབ་ཨིན།

ང་བཅས་ག་ར་ལུ་ལཱ་གཡོག་མེད་པའི་ཚ་གྱང་ཅོག་འཐདཔ་ཕོག་སྟེ་ཡོདཔ་ལས་ ཕྲལ་ཕྲལ་སྐབས་ང་བཅས་ཆ་ཁྱབ་ཆང་ཁང་ནང་འགྱོ་སྦེ་ ཆང་རེ་ཐུང་། ཞོར་ཁར་ལཱ་གཡོག་མ་ཐོབ་པའི་དཀའ་ངལ་སྐོར་ལས་སྐྱིད་འདུག་རེ་བཤད་དེ་སྡོདཔ་ཨིན།

སྙན་ཆ་་་་་་་་་་་་་་་་་་་་་

ངེའི་མིང་བཀྲིས་ཟེར་སླབ་ཨིན། ང་མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ཅིག་ཨིནམ་ལས་ ཐིམ་ཕུག་ལུ་ལཱ་གཡོག་འཚོལ་འདི་ལོ་གཅིག་ཡང་ལྷག་སོང་ཡི། ཨིན་རུང་ད་རེས་ནངས་པ་ བཟའ་ཆས་ཚོང་ཁང་ནང་ལུ་ཟུར་ཐེབས་ལཱ་འབདཝ་ཨིན།

Scene 2:  Lhakhang

Sounds of prayer wheels, monks praying,

པདྨ་་་་་་་་་་་་སྐུ་གཟུགས་བཟང་པོ་ བཀྲིས་ག་དེ་འབད་རང་ཡོད?

བཀྲིས་་་་་་་་་་སྐུ་གཟུགས་བཟང་པོ་དབའེ་་་་་་་་གཟུགས་བཟངམོ་སྦེ་ཡོད་  ཏེ་ཁྱོད་ག་དེམ་ཅིག་ནཱ་འོང་འོངམ་སྨོ?

པདྨ་་་་་་་་་་་སྤ་རང་་་་་་་་་་་་་ང་ན་ཨ་རྟག་རང་ནཱ་ལྷ་ཁང་ནང་འོང་སྟེ་ དཀོན་མཆོག་གསུམ་ལུ་ཕྱག་མཆོད་ཕུལ་ཏེ་ གཏན་ཏོག་ཏོག་གི་ལཱ་གཡོག་ཅིག་ཐོབ་བཅུག་ཟེར་ སྨོན་ལམ་བཏབ་པར་འོང་མི་ཏེ། ཁྱོད་ཡང་ཨ་རྟག་ར་འོང་ནི་ཡོད་སྦོ?

བཀྲིས་་་་་་་་་་་་་་ཡོད་དབའེ་་་་་་ཁྱོད་དཔྱད་རིག་འདུག་ག་་་་་་ཧེ་མ་ང་བཅས་དཔེ་ཆ་ལྷབ་པའི་སྒང་ ཆོས་རྒྱུགས་ཀྱི་གྲུབ་འབྲས་ལེགས་ཤོམ་འཐོན་བཅུག་ཟེར་ ནཱ་ལྷ་ཁང་ནང་སྨོན་ལམ་བཏབ་པར་འོང་ཡི་མེན་ན། ད་རེས་ནངས་པ་་་ལྷ་ཁང་ན་འོང་པའི་སྐབས་དཀོན་མཆོག་གསུམ་ལུ་ལཱ་གཡོག་ལེགས་ཤོམ་ཅིག་ཐོབ་བཅུག་ཟེར་སྨན་ལམ་བཏབ་དགོ་པས་སྨོ་? ག་དེ་སྦེ་ར་ཨིན་རུང་ དཀོན་མཆོག་གསུམ་གྱིས་ཡང་ཐུགས་རྗེ་གཟིགས་འོང་མེན་ན།

པདྨ་་་་་་་་་་་ཨིང་ ཁྱོད་ཀྱིས་ལཱ་གཡོག་གི་ས་སྟོང་ཡོད་པའི་སྐོར་ལས་ལོ་རྒྱུ་རེ་མ་གོ་ག?

བཀྲིས་་་་་་་་་་་་་་་་་་་གོ་ཡི་དབའེ་་་་་་་་་་་་་ལཱ་གཡོག་གི་ས་སྟོང་གི་ཁྱབ་བསྒྲགས་ཚུ་ ལཱ་འབད་བའི་་ཞོ་ཁར་ཡང་ཀྲིག་ཀྲིག་འབད་བལྟ་བཞགཔ་སྦི།ཏེ་འབྲུག་དངུལ་ཁང་ན་གཡོག་གི་ས་སྟོང་ཐོན་ནུག་མས་་་་་་ང་ཞུ་ཚིག་བཙུག་ནི་འབད་དོ། ཁྱོད་ག་དེ་འབད་ནི?

པདྨ་་་་་་་་་་་་་་་ང་གིས་ཡང་འབྲུག་རྒྱང་སྒྲག་ལས་འཛིན་ནང་ལུ་ གཡོག་གི་ས་སྟོང་འདུག་ཟེར་གོ་བའི་ས་་་་་ཚར་གཅིག་ཞུ་ཡིག་བཙུག་བལྟ་དགོནི་འདྲས་ཟེར་མནོ་་ཡི། ཁྱོད་ཀྱིས་ཤེས་་ག་ ང་ཧེ་མ་ལས་ར་བརྡ་བརྒྱུད་ནང་ལུ་ ལཱ་འབད་ནི་གི་དང་འདོད་གནམ་མེད་ས་མེད་ཡོད་པ་སྟེ།

བཀྲིས་་་་་་་་་་་་དབའེ་ཨིན་ན་་་་་་་་འདིན་འདི་ཀྲིག་ཀྲི་ཨིན་པས་སྟེ། གཡའ་དཔྱག་རིག་བཏང་ཚེ་ ཁྲོམ་ཁར་མི་ཅིག་དང་ཕྱད་ནི་གི་དུས་སྟབས་བཟོ་བཞག་ཡོད་པའི་ ང་འགྱོ་དགོ་པས་་་་་་་ལོག་ཕྱེད་གེ་སྨ་རེད།

Tashi going home/relative’s place

Footsteps, knocking door, door opening

བཀྲིས་་་་་་་་་དགོངསམ་མ་ཁྲེལ་ཨ་མ་་་་་་་་་ང་ཕྱིས་སོ་ཡི།

Sound of footsteps, entering

བསོད་ནམས་༼ཨ་མའམ་སྤུན་ཆ༽་་་་་་་ཁྱད་མེད་བཀྲིས་་་་་ཁྱོད་འུ་སྡུག་སྡུགཔ་འོང་་་་་་ང་གིས་ཇ་ཅིག་བཀོལ་གེ་་་་ངལ་གསོ་སྦེ་སྡོད་ནི་མས།

Sounds of drinking tea, cups,

བཀྲིས་་་་་་་འབྲུག་དངུལ་ཁང་ནང་ལུ་ ལཱ་འབད་ནིའི་ཡི་གུ་བཙུགས་ཡོད་ནི་འདི་གིས་ སེམས་དགའ་ཡི།

བསོད་ནམས་་་་་་ཡེངས་ སྤུས་ཙ་བཏང་ནུག་སྟེ།

བཀྲིས་་་་་་ཨ་མ་་་་་ཐིམ་ཕུག་སྡོད་དེ་ཡུན་རིངམ་ཡར་སོ་ནི་འདི་གིས་ ལཱ་གཡོག་གི་གོ་སྐབས་འདི་ ང་གིས་ཐོབ་ཆེ་བ་ཅིན་་་ང་ནཱ་ལས་འགྱོ་དགོ་པས་ཟེར་མནོ་ཡི།

བསོད་ནམས་་་་་་་ཚ་གྱང་མ་ལང་་་་བཀྲིས་་་་་ཁྱོད་ར་ནཱ་ག་དེ་ཅིག་སྡོད་རུང་སྡོད་ནི་ར་ཨིན། སྟེ་་་་ཁྱོད་ཀྱི་ཟུར་ཐེབས་ཀྱི་ལཱའདི་ ག་དེ་སྦེ་འབད་ཡི?

བཀྲིས་་་་་་་གཡོག་འདི་ནང་ཐོབ་ཆེ་བ་ཅིན་་་་ང་་་་་ཟུར་གཡོག་འདི་བཀོག་བཞག་ར་བཞག་ནི་་་་་ཨིན་རུང་་་་་བདུན་ཕྲག་གཉིས་དེ་ཅིག་ འཕྲོ་མཐུད་དེ་ར་འབད་དགོ་པས་མེན་ན།

Scene 4:

བཀྲིས་་་་གསལ་བཤད་པ་་་་་་རྒྱལ་ས་ལྟེ་བ་ཐིམ་ཕུག་ལུ་་་་་སྡོད་ཁྱིམ་མ་ཐོབ་པའི་གནད་དོན་འདི་ དཀའ་ངལ་སྦོམ་ཤོས་ཅིག་ཨིན། ང་བཟུམ་འབད་ར་་་་ལཱ་གཡོག་འཚོལ་མི་རྒྱགས་ཚད་ཡོད། ངེའི་ཆ་རོགས་གཅིག་གིས་ང་ལུ་སླབ་ནི་ཡོད་་་་་་མགྱོནམ་སྡོད་གྱངས་མངནི་ འབོ་འབོཔ་མེད་པའི་མགྱོནམ་དང་འདྲ།། ཟེར་སླབ་དོ་བཟུམ་ཅིག་ཨིན་མས། ཨིན་རུང་་་་་ང་འདི་་་་ཨ་ཞང་དང་ཨ་མ་ཡོད་པའི་ཁར་ ཟུར་གཡོག་ཅིག་ཡང་ཡོད་ནི་འདི་གིས་་་་་ཁ་རྗེ་བཟང་ནུག་ཟེར་མནོཝ་མས།

Scene 5:

Grocery store, customers chatting, Tashi is busy attending to customers, sounds

བཀྲིས་་་་་་ཨམ་་་་ན་གི་དངུལ་བསྡོམས་ ༡༣༠༠ ཨིན་མས།

ཨམ་་་་་་བཀྲིན་ཆེ།

Sounds of customers, sales boys and girls

ཚོང་མི་་་་་་སྟེ་་་་་བཀྲིས་་་་་བདུན་ཕྲག་གཉིས་ཀྱི་ཤུལ་མར་ ག་ཅི་འབད་ནི་གི་འཆར་གཞི་ཡོད?

བཀྲིས་་་་་་ཨིན་ཆ་རོགས་་་་ང་ནཱ་ལུ་བདུན་ཕྲག་གཉིས་ར་ཨིན་་་་་མ་ཤེས་ཏེ་ག་ཅི་འབདན་ན་་་་་་འབྲུག་དངུལ་ཁང་ནང་ཡི་གུ་ཅིག་བཙུགས་བཞག་ཡོད།་་་བདུན་ཕྲག་ཅིག་གི་རྒྱབ་ལས་ བཙག་འཐུ་གྲུབ་་པ་ཅིན་བརྒྱུད་འཕྲིན་གཏང་འོང་མེན་ན།

Scene 6

Home, sounds of television/ kids

བསོད་ནམས་་་་་་བཀྲིས་་་་མདངས་ཞག་ཁྱོད་ཀྱིས་གཡོག་གི་ཡི་གུ་བཙུགས་མི་འདིའི་སྐོར་ལས་གནས་ཚུལ་རེ་མ་གོ་ག? ཁྱོད་ལུ་བརྒྱུད་འཕྲིན་ལྷོད་ཅི་ཡ?

བཀྲིས་་་་སེམས་ཕམ་དང་ཐེ་ཚོམ་་་་་་ཨ་མ་་་་ང་ད་འབདན་བསུན་ར་བསུན་ཆི། ལཱ་གཡོག་གི་དོན་ལུ་ ག་ཏེ་ཡངཡི་གུ་བཙུགས་ཚར་ཡི་་་་་་མནོ་དོན་རྩ་ལས་གྲུབ་མ་ཚུགས།་་་་་ང་རའི་སེམས་ལས་འབདནི་་་་ཐིམ་ཕུག་འོང་མི་འདི་ར་་་་་་་་་གཡོག་ལེགས་ཤོམ་ཅིག་འཚོལ་འབད་ཐིམ་ཕུག་ལུ་གཞིས་བཅག་སྟེ་སྡོད་ནིའི་རེ་བ་བསྐྱེད་བསྐྱེདཔ་ཨིན།

བསོད་ནམས་་་་་་ག་ཅི་འབད་ཡི? དེ་སྦེ་སེམས་ཕམ་ནི་མི་འོང་།

དཔལ་འབྱོར་་་་་་བཀྲིས་་་་ཁྱོད་རའི་ཨ་མ་གིས་སླབ་དོ་བཟུམ་སྦེ་ སེམས་ཕམ་དགོཔ་མེད།

བཀྲིས་་་་་་ང་ར་བསོད་སྡེ་བསོད་ནམས་ཆུང་ནི་འདི་གིས་ ང་གཡོག་འདི་ནང་་བཙག་འཐུ་ར་མ་འབད་བས།

དཔལ་འབྱོར་་་་་་ཁྱོད་ར་སེམས་ཐག་ཆོད་དེ་་་་་ལཱ་འཚོལ་ནི་འདི་བཤོལ་བཞག་ནི་མི་འོང་། ག་གིས་སླབ་ཤེས་་་་གཅིག་འབདནི་་་་ཁྱོད་ཀྱི་དོན་ལས་་་་གཡོག་ལེགས་ཤོམ་ཅིག་བསྒུག་སྡོད་སྡོདཔ་འོང་། རང་གིས་རང་ལུ་ཡིད་ཆེ་དང་བློ་སྤོབས་བཙུགས་ནི་འདི་ཁག་ཆེ་རྨས། བཏུབ་པས་་་ཁང་མིག་ནང་སོང་འབད་ཉལ་སྡོད་ད།

བཀྲིས་་་་་ཨ་ཞང་གིས་སླབ་བྱ་བྱིན་མི་འདི་ལུ་་་་བཀྲིན་ཆེ།

དཔལ་འབྱོར་་་་་བསོད་ནམས་་་་ང་བུཚ་འདི་ལུ་བལྟ་སྟེ་ཚ་གྱང་ཡང་ལངས་ཆེ་ཡི་་་་དབུགས་འགམ་པའི་ཤུགས་ཀྱིས་་་་སྨྱོ་རྫས་ལག་ལེན་མི་འཐབ་ག་སྨོ? ཁྱོད་ར་ནངས་པ་དྲོ་པ་ཁོ་ལུ་བློའོ་སླབ་བལྟ་ནི་མས།

བསོད་ནམས་་་་་ཨིན་མས་དཔལ་འབྱོར་་་་ང་གིས་་མནོ་མི་འདི་ཁྱོད་ཀྱིས་སླབ་ད་ཡི། ང་ཡང་གནམ་མེད་ས་མེད་ཚ་གྱང་ལངམ་མས།

ཁོ་སེམས་ཁམས་བདེ་ཏོག་ཏོ་ཅིག་མེད་དོ་འོང་ནི་མས།

Scene 7

Bar, sounds crowds chatting… Pema and Tashi drinking

པདྨ་་་་དབའི་་་བཀྲིས་་་ང་བཅས་གཉིས་མ་འགྱོཝ་ལས་་་དོ་རུང་གང་དེ་ཅིག་བཏང་ནི་མས་མེན་ན?

བཀྲིས་་་་་ཏན་ཏན་ར་་་དམ་ཇི་གང་བཏང་དགོ་པས། སྟེ་་་་་མདངས་ཞག་ཁྱོད་ཀྱིས་སླབ་མི་་་་་གཡོག་གི་ས་སྟོང་སྐོར་ལས་གནས་ཚུལ་རེ་མིན་འདུག་ག?

པདྨ་་་་་་འཐོར་གཏམ་མས་བཀྲིས་་་་ངིའི་ཆ་རོགས་ཚུ་གིས་གོ་བ་བརྡ་ལོག་འབད་གོ་གོཝ་མས།

བཀྲིས་་་་་་་དོན་ལས་ར་་་་་སྟེ་འཆར་གཞི་གཉིས་པའམ་འདི་ག་དེ་འབད་སྨོ? ད་ག་ཅི་འབད་ནིའི་རེ་བ་ཡོདཔ་སྨོ་ཟེར་སླབ་ནི་འབད་ཨིན།

པདྨ་་་་་་ང་ལོག་གཡུས་ཁར་འགྱོ་ནི་འབད་མནོ་བསམ་བཏང་ཡི།

བཀྲིས་་་་་་་འཐད་རི་བ་རི་ཡ? དེ་འབདཝ་ད་་་་གཡུས་ཁར་ག་ཅི་ཟེར་མི་འདི་འབད་དེ་་སྡོད་ནི་སྨོ?

པདྨ་་་་ད་ལྟོ་ཏན་ཏན་མེད་་་་ང་ཕར་འགྱོ་འབད་་ཨ་པ་དང་མཉམ་བློའོ་སླབ་སྦེ་་་་ཁོ་ལུ་ཆ་རོགས་ཅིག་འབད་དགོ་པས་ཟེར་མནོ་ཡི་་་་ངིའི་ཕམ་ཚུ་་་བཟའ་ཆས་ཚོང་ཁང་ཅིག་འཛིན་སྐྱོང་འཐབ་སྟེ་སྡོདཔ་ཨིན།

Scene 8: Home sounds, informing aunty about his decision to go home….

བཀྲིས་་་་་ཨ་མ་་་ང་ཁྱབ་བསྒྲགས་ཅིག་འབད་ནི་ཡོད།

བསོད་ནམས་་་་་སྟེ་་་ག་ཅི་སླབ་ནི་ཡོད?

བཀྲིས་་་་ང་གཡུས་ཁ་འགྱོ་ནི་འབད་ཐག་བཅད་ཚར་ཡི་ཟེར་སླབ་ནི་འབད་ཨིན།

བསོད་ནམས་་་་འཐད་རི་འབའ་རི་ཡ? དེ་འབདཝ་ད་་་་ག་ཅི་འབད?

བཀྲིས་་་་་ཁ་ཙ་ངིའི་ཆ་རོགས་ཅིག་དང་ཕྱད་ཅི་བ་་་་སྟེ་ང་བཅས་རའི་མི་ཚེ་ནང་་་་ལཱ་གཡོག་འཚོལ་བའི་སྐབས་་་་་དཀའ་སྡུག་མྱོང་བའི་སྐོར་ལས་བློའོ་སླབ་ཅི། ཁོ་ཡང་གཡུས་ཁ་ལོག་འགྱོ་ཞིན་ན་ ཨཔ་དང་ཨའི་གི་བཟའ་ཆས་ཚོང་ཁང་ནང་་་་ཆ་རོགས་འབད་ནི་ཨིན་ཟེར་ཨིན་མས།

བསོད་ནམས་་་་སྟེ་ཁྱོད་ཀྱི་ཆ་རོགས་ཀྱིས་གྲོས་ཐག་བཅད་ནི་ལུ་་་་ཆ་རོགས་འབད་འབདཝ་ཨིན་ན།

བཀྲིས་་་་ཨིན་ནི་འདི་མེན་་་་དེ་འབདཝ་ད་་་་ང་ར་གིས་ར་ཐག་བཅད་བཅདཔ་ཨིན། ག་ཅི་སྨོ་ཟེར་བ་ཅིན་ ནཱ་སྡོད་འབད་ལོ་ལངས་སོ་རུང་། མནོ་དོན་རྩ་ལས་གྲུབ་མ་ཚུགས། དེ་བ་འདི་ ་ཨ་པ་དང་ཅིག་ཁར་བསྟུན་གྲོས་རྐྱབ་སྟེ་ ཚོང་ལཱ་འཐབ་ནིའི་བནོ་བསམ་བཏང་ཡི།

བསོད་ནམས་་་་་་སྤ་་་་་་གནམ་མེད་ས་མེད་ལེགས་ཤོམ་མས་་་་ང་གིས་འབད་རུང་ཡང་་་ཁྱོད་ཀྱིས་ཚོང་ལཱ་ཅིག་འགོ་བཙུགས་ཚུགས་པ་ཅིན་་་ལེགས་ཤོམ་སྦེ་འབད་ཚུགསཔ་འོང་ཟེར་མནོཝ་མས། དེ་མ་ཚད་ ཁྱོད་རའི་ཕམ་རྒས་ཤོས་ཚུ་ལུ་ཡང་ ཆ་རོགས་འབད་ཚུགས་ནི་མས་་་་་སྟེ་་་་མ་པ་ར་ག་ཅི་ཟེར་མི་འདི་འབད་ནི་སྨོ?

བཀྲིས་་་སེམས་དགའ་སྟེ་་་་ང་གིས་གསོ་བྱའི་གསོ་སྐྱོང་ཅིག་འགོ་བཙུགས་ནི་འབད་ཨིན་་་་ངིའི་གཡུས་ཁ་་་བྱ་གསོ་སྐྱོང་གི་ལཱ་འབད་མི་ཨ་ཙི་རེ་བ་ལྷགཔ་མེད་ནི་འདི་གིས་་་་བྱ་གསོ་ཁང་འདི་ ལེགས་ཤོམ་སྦེ་ར་བཏགས་ས་བཀལ་ཚུགསཔ་འོང་ཟེར་མནོཝ་མས་་་།

Scene 8

Viallge sounds, informing his father about his idea

ཨ་པ་་་་་་བཀྲིས་་་ཁྱོད་ལོག་ཁྱིམ་ནང་འོང་ནི་འདི་གིས་ ང་སེམས་དགའ་ཡི། ཁྱོད་ནཱ་ང་བཅས་དང་གཅིག་ཁར་ཡོདཔ་ད་ལེགས་ཤོམ་མས།

བཀྲིས་་་་་ཨིན་ཨ་པ་་་་་ཐིམ་ཕུག་ལུ་སྡོད་སྦེ་གཡོག་འཚོལཝ་ལས་འདི་ གཡུས་ཁར་ཁྱེད་དང་མཉམ་སྡོད་དཔ་དྲག་ནི་ཨིན་པས།

ཨ་པ་་་་་་སྟེ་བཀྲིས་་་་ཁྱོད་རའི་འཆར་གཞི་རེ་ཡོདཔ་ཨིན་ན?

བཀྲིས་་་་་ཨ་པ་་་ང་་་བྱ་གསོ་ཁང་ཅིག་འགོ་བཙུགས་ནི་འབད་ཨིན་ས།

Scene 9:

Poultry farm sounds, pullet sounds, Tashi working,

ཨ་པ་་་་་བཀྲིས་་་་་ཁྱོད་ཀྱིས་གཡུས་ཁར་ བྱ་གསོ་ཁང་བཙུགས་ཏེ་མཐར་འཁྱོལ་བྱུང་མི་ལུ་ ངལ་རངསམ་མ་ཚད་ གནམ་མེད་ས་མེད་སེམས་དགའ་ཡི་་་་བཀྲིས་བདེ་ལེགས་ཡོད།

བཀྲིས་་་གསལ་བཤད་པ་་་་ན་གཞོན་མང་ཤོས་ར་་་་ཐིམ་ཕུག་ལུ་་་་ཡིག་ཚང་ནང་སྡོད་ནིའི་ལཱ་གཡོག་ཅིག་འཚོལ་བར་འོངམ་ཨིན་མས། དེ་མ་ཚད་་་་ཁོང་རའི་རེ་བ་ལས་འབད་རུང་་་་་གཞུང་གིས་ལཱ་གཡོག་གནང་འོང་ཟེར་བའི་རེ་ཆེ་འདུག་་་་་དེ་འབདཝ་ད་་་་ལོ་གཅིག་བ་ལོ་གཅིག་མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ན་གཞོན་མང་ནི་འདི་གིས་་་་གཞུང་གིས་་་ན་གཞོན་ག་ར་ དུས་མཉམ་ལུ་ལཱ་་གཡོག་གནང་ཚུགས་པ་ལ་ཁག་བཏང་། རྒྱུ་མཚན་དེ་ལུ་བརྟེན་ ལཱ་གཡོག་མ་ཐོབ་པ་ཅིན་་་་ལོག་ཁྱོད་རའི་གཡུས་ཁར་འགྱོ་ཞིནམ་ལས་་་་རང་གི་ལྕོགས་གྲུབ་དང་བསྟུན་ཏེ་ཚོང་ལཱ་ཅིག་འབད་ནི་འགོ་བཙུགས། ཁྱེད་ར་གིས་ར་འཚོལ་ཞིབ་འབད་བ་ཅིན་་་་་གོ་སྐབས་ལེ་ཤཱ་ཡོད། ཁྱེད་ཀྱིས་ ང་བཟུམ་འབད་་་་བྱ་གསོ་སྐྱོང་གི་ལཱ་འབད་རུང་མ་བཏུབ་མེད་་་་་་་སྙིང་སྟོབས་ར་ཡོདནི་ཐབས་ལམ་འདི་ལས་ཀྱིས་ར་ཡོདཔ་ཨིན།

སྟེ་་་་་་་་་ཁྱོད་ར་ལཱ་གཡོག་འཚོལ་མི་ཨིན་པ་ཅིན་་་་ལཱ་གཡོག་ལྷན་ཁག་གི་ཡོངས་འབྲེལ་འཆར་སྒོ་www.molhr.gov.bt ནང་གཟིགས་ཞིནམ་ལས་་་་ཁྱོད་ར་གིས་ཁྱོད་ར་ལུ་་་་གཡོག་གི་ས་སྟོང་དང་གནས་ཚུལ་ཚུ་གི་སྐོར་ལས་ དུས་མཐུན་བཟོ་དགོཔ་འདི་ཁག་ཆེ་ཟེར་ཞུ་ནི་ཨིན།

Music fade in fade out…….