རྫོང་ཁའི་ཤེས་ཡོན་ཡོད་མི་ལུ་ལཱ་གཡོག་གི་གོ་སྐབས་ཉུངམ།

འབྲུག་པའི་ན་གཞོན་ཚུ་ལུ་ ལཱ་གཡོག་མེད་པའི་དཀའ་ངལ་དང་ལྷག་པར་ཏུ་ རྫོང་ཁའི་ཤེས་ཡོན་སྦྱངས་བརྩོན་འབད་མི་ན་གཞོན་ཚུ་ལུ་ ལཱ་གཡོག་གི་གདོང་ལེན་སྦོམ་སྦེ་འབྱུང་ཡོད་པའི་སྐོར།

རྫོང་ཁ་སྐད་ཡིག་འདི་ བརྡ་དོན་སྤྲོད་ལེན་འབད་ནི་རྐྱངམ་ཅིག་མིན་པར་ ལེགས་ཉེས་ཀྱི་དབྱེ་བ་དང་བསམ་སྤྱོད་བཅོས་ཁ་རྐྱབ་ཚུགས་པའི་ སྐད་ཡིག་ཅིག་ཨིན་པ་གི་མ་ཚད་ དཔལ་ལྡན་འབྲུག་པའི་རྒྱལ་ཡོངས་ཀྱི་ ཁ་སྐད་ངོ་མ་གཅིག་ཨིན། རྫོང་ཁ་འདི་ང་བཅས་རྒྱལ་ཁབ་ནང་ལུ་ ཡིག་ཐོག་ལུ་འབྲི་སྲོལ་ཡོད་པའི་ སྐད་ཡིག་དག་ཤོས་སྦེ་རྩིཝ་མ་ཚད་ རྒྱལ་ཁབ་་རང་བཙན་གྱི་ངོ་རྟགས་ངོ་མ་ཡང་ཨིན།

ཨིན་རུང་ད་རེས་ཀྱི་དུས་ཚོད་ལུ་ རྒྱལ་ཁབ་ནང་གོམས་པ་གདོང་ཁར་སྤོ་བའི་་ནམ་དུས་འབད་ནི་འདི་གིས་ རྫོང་ཁའི་ཁ་སྐད་ལུ་དད་པ་དང་ཡིད་ཆེ་བསྐྱེད་མི་གངམ་མེད་པ་ལུ་བརྟེན་ཏེ་ རྫོང་ཁའི་ཆོས་ཚན་སྦྱངས་བརྩོན་འབད་དེ མཐོ་རིམ་མཐར་འཁྱོལ་མི་ན་གཞོན་ཚུ་ལུ་ ལས་འཛིན་དང་སྒེར་སྡེ་དེ་ལས་ གཞུང་མིན་ཚོགས་པ་ཚུ་ལས་ ངོ་ལེན་ལེགས་ཤོམ་སྦེ་མི་མེད་མི་འདི་ མ་བཏུབ་ཅིག་ཨིན་པའི་སྐོར་ལས་རིག་གཞུང་མཐོ་རིམ་སློམ་གྲྭའི་ སློབ་ཕྲུག་གཅིག་ཨིན་མི་་་་་་་་་་་་་་་་་་་་་་་་་་ཤེས་མི་ནང་།

དེ་སྦེ་རྫོང་ཁའི་ཤེས་ཡོན་སྦྱངས་བརྩོན་འབད་མི་ན་གཞོན་ཚུ་ལུ་ ལཱ་གཡོག་མ་ཐོབ་པར་ལུས་མི་འདི་ ན་གཞོན་ཁོང་རའི་བརྒྱུད་ལུ་ ལྕོགས་གྲུབ་མེད་པ་སྦེ་ལུསཔ་ཨིན་ན་ ཡང་ཅིན་རྒྱལ་ཁབ་ནང་ལུ་ རྫོང་ཁ་དང་འབྲེལ་བ་ཡོད་པའི་ལཱ་གཡོག་མེད་པ་སྦེ་ལུས་ཡོདཔ་ཨིན་ན་གི་སྐོར་ལས་ རྫོང་ཁག་གོང་འཕེལ་ལྷན་ཚོགས་ཀྱི་དྲུང་ཆེན་དྲོགས་ཤེས་རབ་རྒྱལ་མཚན་གྱིས་གསུངས་མི་ནང་།

ལཱ་གཡོག་མེད་པའི་དཀའ་ངལ་འདི་ འབྲུག་པའི་ན་གཞོན་ཚུ་གི་ ཚ་གྱང་ངོ་མ་གཅིག་ཨིན་མས། ཨིན་རུང་རྫོང་ཁའི་ཤེས་ཡོན་སྦྱངས་བརྩོན་འབད་མི་ན་གཞོན་གྱི་ཐད་ཁར་ལུ་ལྷོདཔ་ད་ ལཱ་གཡོག་མེད་མི་འདི ་ཁོང་ལུ་དཀའ་ངལ་ཅན་ཅིག་ཨིན་པ་གི་མ་ཚད་ ལཱ་གཡོག་འཚོལ་བའི་སྐབས་ལུ་ འབྲེལ་ཡོད་མི་ངོམ་ཚུ་ལས་ ངོས་ལེན་ལེགས་ཤོམ་སྦེ་མ་ཐོབ་མི་འདི་ གདོང་ལེན་ངོ་མ་ཅིག་ཨིན་པའི་སྐོར་ལས་སློབ་ཕྲུག་་་་་་་་་་་་་ཤེས་མི་ནང་།

སྤྱིར་བཏང་མི་གི་མཐོང་སྣང་ལུ་ རྫོང་ཁའི་ཤེས་ཡོན་སྦྱངས་བརྩོན་འབད་མི་ ན་གཞོན་ཚུ་ལུ་རྫོང་ཁའི་ཡོན་ཏན་གཅིག་ལས་བརྒལ་ གཞན་མི་ན་གཞོན་བཟུམ་སྦེ་ རིག་རྩོལ་དང་ལྕོགས་གྲུབ་ཚུ་ཁོང་ལུ་མེདཔ་སྦེ་ མཐོང་མི་ལུ་བརྟེན་ཏེ་ ལཱ་གཡོག་འཚོལ་ནི་ནང་ལུ་དཀའ་ངལ་ སྦོམ་སྦེ་བྱུང་དོ་ཡོདཔ་ཨིནམ་མས། ཨིན་རུང་རྫོང་ཁའི་ཤེས་ཡོན་སྦྱངས་བརྩོན་འབད་མི་ ན་གཞོན་ཚུ་གཞན་མི་དང་དབྱེ་བ་ག་ནིཡང་མེདཔ་མ་ཚད་ ལྷག་པར་དུ་རྫོང་ཁའི་ཤེས་ཡོན་ཡོད་པའི་ ན་གཞོན་ཚུ་ལུ་གཞན་དང་མ་འདྲ་བའི་ ཁྱད་ཆོས་བཟང་པོ་ཅིག་ཡོད་པའི་སྐོར་ལས་རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་ དྲུང་ཆེན་བགྲེསཔ་དྲོགས་སངྱས་རྡོེ་གིས་གསུངས་མི་ནང་་་་་་་།

རྫོང་ཁའི་ཤེས་ཡོན་སྦྱངས་བརྩོན་འབད་མི་ ན་གཞོན་ཚུ་ལུ་ལཱ་གཡོག་རྩ་ལས་མེདཔ་ཨིན་ན་ཟེར་བ་ཅིན་ འདི་རྩ་ལས་རང་མི་བདེན་སྦེ་ཟེར་ཞུ་ནི་ཨིན། ཨིན་རུང་ཁོང་ན་གཞོན་ཚུ་དེ་སྦེ་ ལཱ་གཡོག་མ་ཐོབ་པར་ལུས་མི་འདི་ ལཱ་གཡོག་ནང་ལུ་བཙག་འཐུ་འབད་བའི་སྐབས་སུ་ ནོར་བ་རེ་བྱུངམ་མེད་ན་ཟེར་བའི་དོགས་པ་ཡོདཔ་སྦེ་་་་་ཨོ་ལ་ཁ་ལུ་ཡོད་པའི་སྒེར་གྱི་སློབ་གྲྭའི་ དབུ་འཛིན་འོགམ་ཀུན་ཏུ་ལེགས་པ་གིས།

རྒྱལ་ཡོངས་སྐད་ཡིག་རྫོང་ཁ་འདི་ མར་ཉམས་འགྱོ་བའི་ཚ་གྱང་འདི་ འབྲུག་མི་གེ་ར་ལུ་ཡོདཔ་ཨིན་རུང་ འདི་གི་དོན་ལུ་ཐབས་ལམ་ཟེར་རུང་ རྫོང་ཁའི་ཆོས་ཚན་ལུ་ སྤྲོ་བ་བསྐྱེད་དེ་སློབ་སྦྱོངས་འབད་མི་ན་གཞོན་ཚུའི་དོན་ལུ་ གོ་སྐབས་འདི་གཞན་མི་ ན་གཞོན་དང་འདྲ་ཉམས་སྦེ་བྱིན་པ་ཅིན་ ལཱ་གཡོག་མ་ཐོབ་པའི་དཀའ་ངལ་སེལ་ཚུགསཔ་མ་ཚད་ རྫོང་ཁ་འདི་ཡུན་བརྟན་སྦེ་གནས་ཚུགས་ནི་ལུ་ ཕན་ཐོག་འབྱུང་ནི་ཨིནམ་མས་ལས་ འདི་གི་དོན་ལུ་ལཱ་གཡོག་ལྷན་ཁག་གི་ཁ་ཐུག་ལས་ ལཱ་གཡོག་ཤོ་སྙོམས་སྦེ་ཐོབ་ནིའི་དོན་ལུ་ འཆར་གཞི་ག་ཅི་བཟུམ་རང་ཡོདཔ་ཨིན་ན་གྱི་སྐོར་ལས་་་་།

རྒྱལ་ཡོངས་སྐད་ཡིག་རྫོང་ཁ་འདི་ མི་ཉམས་གོང་འཕེལ་བཏང་ནི་དང་ ཉམས་པ་སོར་ཆུད་འབད་ནི་གི་འགན་འཁུར་འདི་ འབྲུག་པའི་མི་གེ་ར་ལུ་ཕོགཔ་ཨིན། དེ་འབད་བ་ལས་བརྟེན་ཏེ་ འབྲུག་མི་གེ་ར་འབད་རུང་དཔའ་ཉམས་ཅན་གྱི་ སྐད་ཡིག་འདི་སྦྱོངས་བརྩོན་འབད་ནི་འདི་ ཐུགས་ལས་ཡོལ་མ་སོང་ཟེར་ཞུ་ནི་འབྲེལ་ ལས་རིམ་བཟོ་སྟེ་འཕུལ་མི་པདྨ་གཡུ་སྒྲོན་གྱིས་ཁ་ཐུག་ལས་ ལས་རིམ་སྙན་གསན་མི་ལུ་བཀའ་དྲིན་ཆེ།།

 

ཐུགས་འཆར།

This site uses Akismet to reduce spam. Learn how your comment data is processed.