སྤྱི་ལོ་༢༠༡༧ སྤྱི་ཟླ་༨ པའི་སྤྱི་ཚེས་༢ ལས་འགོ་བཙུགས་ཏེ་ ཟླཝ་༣གྱི་རིང་ ཐིམ་ཕུག་ཀུན་གསལ་ཕོ་བྲང་ལུ་སྦེ་ ཁྲི་རབས་༧༠པ་ སྐྱབས་རྗེ་རྗེ་མཁན་སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་གིས་ བཀའ་འགྱུར་ལྗགས་ལུང་གནང་མི་བསྒང་ འབྲུག་རྒྱང་བསྒྲགས་ཀྱིས་ སྒྲ་བཟུང་སྟེ་ཡོད་མི་འདི་ བཞེས་ནིའི་ཐུགས་འདོད་ཡོད་མི་ཚུ་གིས་ འབྲུག་རྒྱང་བསྒྲགས་དང་འབྲེལ་བ་མཛད་གནང་།
འབྲུག་རྒྱང་བསྒྲགས་དང་ རྒྱང་མཐོང་ནང་ རྒྱལ་ཡོངས་ཁ་སྐད་ཐོག་ལུ་ ལས་རིམ་འགོ་འདྲེན་པའི་སྐབས་དང་ དེ་ལས་ཁྱབ་བསྒྲགས་དང་གསལ་བསྒྲགས་ཀྱི་རིགས་ཚུ་ ཡིག་སྡེབ་འཛོལ་བ་མེདཔ་དང་ གོ་བ་བརྡ་ལོག་མི་ཞུགས་ནིའི་དོན་ལུ་ དེ་བསྒང་སླབ་སྲོལ་ཡོད་པའི་མིང་ཚིག་ཚུ་ རྗོད་སྒྲ་དག་ཏོག་ཏོ་སྦེ་སླབ་ནི་དང་ དུས་དང་དུས་སུ་ལེགས་བཅོས་འབད་དེ་ དཔེ་ལྟ་ས་ཅིག་བཟོ་ནིའི་དོན་ལུ་ ཚོགས་ཆུང་ཅིག་གཞི་བཙུགས་ཡོད་མི་འདི་གིས་ ལྟ་རྟོག་འབད་དོ་ཡོདཔ་མ་ཚད་ ཡིག་ཚང་གི་བཀོད་རྒྱ་ཚུ་ཡང་ རྫོང་ཁའི་ནང་བཏོན་དོ་ཡོད་མི་འདི་གིས་ ཧེང་སྐལ་ར་རྒྱལ་ཡོངས་སྐད་ཡིག་དར་ཁྱབ་གཏང་ནི་ལུ་ཕན་ཐོགས་འབྱུང་པའི་རེ་བ་ཡོད།
འབྲུག་རྒྱང་བསྒྲགས་ལས་འཛིན་ནང་ རྫོང་ཁའི་རྒྱང་བསྒྲགས་ཀྱི་ལས་རིམ་བཟོ་མི་དང་ གསལ་བཤདཔ་༤གི་ས་སྟོང་ཡོདཔ་ལས་ ཤེས་ཚད་དམའ་ཤོས་ མཐོ་རིམ་ཤེས་ཚད་ཡོད་པའི་ཁར་ སློབ་རིམ་༡༠པ་དང་༡༢པའི་ནང་ལུ་ སྐུགས་ཚད་བརྒྱ་ཆ་༦༠ལས་ལྷག་སྟེ་ཡོད་མི་ཚུ་གིས་ རང་སོའི་ཞུ་ཡིག་དང་ཁག་ཆེ་བའི་ཡིག་ཆ་ཚུ་ སྤྱི་ཟླ་༧པའི་ སྤྱི་ཚེས་༢༧གྱི་ནང་འཁོད་ལུ་ འབྲུག་རྒྱང་བསྒྲགས་ཀྱི་མི་སྟོབས་སྡེ་ཚན་ནང་ལུ་བཙུགས་གནང་ཟེར་ཞུ་ནི།
ཐུགས་ཁོམ་མེད་རུང་ དུས་ཚོད་བཏོན་ཏེ་ འབྲུག་རྒྱང་བསྒྲགས་ཀྱི་ཡོངས་འབྲེལ་འཆར་སྒོ་གཟིགས་མི་ལུ་དགའ་ཚོར་ཡོད། ཤུལ་ལས་ཡང་གཟིགས་འོང་མནོ་བའི་རེ་བ་ཡོད་ལགས།