ཕུནཚོགས་གླིང་རྒེད་འོག་གི་སྐོར།

ད་རེས་ཀྱི་རྒེད་འོག་གོང་འཕེལ་གྱི་ལས་རིམ་ཞུ་ནི་འགོ་བཙུགཔ་དང་ཅིག་ཁར་ ལས་རིམ་སྙན་གསན་མི་ཚུ་ལུ་ ལས་རིམ་བཟོ་འདི་ རྒྱང་བསྒྲགས་ཞུ་མི་ ཟླ་བ་པདྨོ་གིས་སྐུ་གཟུགས་བཟང་པོ་ཟེར་ཞུ་ནི། ད་རེས་ཀྱི་ལས་རིམ་ནང་ལུ་ ཆུ་ཁ་རྫོང་ཁག་ ཕུན་ཚོགས་གླིང་དྲུང་ཁག་འོག་ལུ་ཡོད་མི་ ཕུན་ཚོགས་གླིང་རྒེད་འོག་ནང་ལུ་ མི་སེར་ཚུ་ལུ་མཁོ་ཆེ་བའི་མཐུན་རྐྱེན་ཚུ་གི་ཁྱབ་ཚད་དང་གོང་འཕེལ་གྱི་ འཆར་གཞི་ཚུ་ གི་ སྐོར་ལས་གསན་ཚུགས་ཟེར་ཞུ་ནི་ཨིན།

སྙན་ཆ།

དེ་ཡང་ ཆུ་ཁ་རྫོང་ཁག་ནང་ལུ་ རྒེད་འོག་ ༡༡ ཡོད་པའི་གྲལ་ལས་ ཕུན་ཚོགས་གླིང་རྒེད་འོག་འདི་ ཕུན་ཚོགས་གླིང་དྲུང་ཁག་ཡིག་ཚང་ ནང་ལས་ དུས་ཡུན་ཆུ་ཚོད་ གསུམ་དེ་ཅི་གི་ས་ཁར་ཆགས་ཏེ་འདུག། ཕུན་ཚོགས་གླིང་རྒེད་འོག་བདག་སྐྱོང་ཡིག་ཚང་འདི་ ཧེ་མ་འབད་བ་ཅིན་ ཕུན་ཚོགས་གླིང་དྲུང་ཁག་ཡིག་ཚང་དང་གཅིག་ཁར་སྦེ་ཨིན་རུང་ རྒེད་འོག་འདི་གི་སྤྱི་འོག་ཚུ་ ས་ཐག་རིང་སར་ཆགས་ཏེ་ཡོདཔ་ལས་ མི་སེར་དང་མི་སྡེ་འགོ་འཁྲིདཔ་ཚུ་ འབྲེལ་བ་འཐབ་པའི་སྐབས་ ལམ་ཐག་རིང་བའི་སྟབས་མ་བདེཝ་ཚུ་འབྱུང་དོ་ཡོདཔ་ལས་ གྲོང་སེབ་མི་སེར་ཚུ་གི་ཁས་ཕན་གྱི་དོན་ལུ་ ས་གནས པ་ཆུ་གྲ་ར་ཟེར་ས་ལུ་ གཞི་བཙུགས་འབད་དེ་ཡོདཔ་ཨིན། རྒེད་འོག་འདི་གི་ མི་རློབས་དང་ཁྱིམ་གུང་ག་དེ་ཅིག་ཡོདཔ་ཨིན་ནའི་སྐོར་ལས་ ཁ་སེལ་སྦེ་ དམང་མི་གིས་བཤད་མི་ནང་་་་་་་་་་་་

ང་བཅས་རའི་རྒྱལ་ཁབ་ཀྱི་གྲོང་གསེབ་གཡུས་ཚན་ཁག་སོ་སོ་ནང་ལུ་ མི་སེར་ཚུ་གི་འོང་འབབ་ཡར་སེངས་འབད་དེ་ འཚོ་བའི་   གནས་སྟངས་་ཡར་དྲགས ་གཏང་ཐབས་ལུ་ གཞི་རྟེན་མཐུན་རྐྱེན་ཚུ་གི་གྲལ་ལས་ ཁག་ཆེ་ཤོས་རང་ སོ་ནམ་ཞིང་ལམ་དང་གློག་མེ་གི་ཞབས་ཏོག་འདི་ཨིན་རུང་ ཕུན་ཚོགས་གླིང་རྒེད་འོག་གི་སྤྱི་འོག་ལ་ལུ་ཅིག་ནང་ ད་ལྟོ་བར་ཡང་ མཐུན་རྐྱེན་ཚངམ་སྦེ་མ་ཐོབ་པར་ དཀའ་ངལ་བྱུང་སྟེ་སྡོད་ཡོདཔ་ཨིན་མས།འདི་གི་ཡང་མ་དོ་བ་ གཞུང་གི་ཁ་ཐུག་ལས་ གནང་མི་རྒེད་འོག་གནང་བྱིན་མ་དངུལ་འདི་གིས་ ཕུན་ཚོགས་གླིང་རྒེད་འོག་ནང་ལུ་བཟུམ་ཅིག་འབད་བ་ཅིན་ གཡུས་ཚན་ཚུ་ ས་ཐག་རིང་སར་ཆགས་ཏེ་ཡོད་ནི་འདི་གིས་ གཞི་རྟེན་མཐུན་རྐྱེན་ག་ར་གི་དོན་ལུ་ མ་དངུལ་ ལང་མ་ཚུགས་པ་ ལཱ་ཁ་གཏང་དོ་ཡོད་པའི་སྐོར་ལས་ རྒེད་འོག་གི་དམང་མི་ ཅན་དར་མཱན་རའི་གིས་བཤད་མི་ནང་།

དེ་སྦེ་ སྤྱི་འོ་ག་རའི་ནང་ མ་དངུལ་གྱིས་ཁྱབ་མ་ཚུགས་པའི་དཀའ་ངལ་ཡོད་དེ་རང་འབད་རུང་ རྒེད་འོག་བདག་སྐྱོང་ནང་ཕྱག་ལཱ་གནང་མི་ཚུ་གིས་ གཞུང་གི་ཁ་ཐུག་ལས་གནང་མི་མ་དངུལ་ ག་ཅི་རང་འབད་རུང་ ག་དེ་དྲག་དྲ་ སྤྱི་འོག་ག་ར་ནང་ལུ་ འདྲ་མཉམ་སྦེ་ འགོ་བསྐྲམ་འབད་ནིའི་དོན་ལུ་ སྤྱི་འོག་ག་ར་གི་ཚོགས་པ་ཚུ་བརྒྱུད་དེ་ མི་སེར་ཚུ་དང་ འགྲོས་བསྟུན་ལེགས་ཤོམ་སྦེ་རང་ མཛད་ཐོག་ལས་ མ་དངུལ་ཚུ་བགོ་བཀྲམ་འབད་དོ་ཡོདཔ་ཨིན་པས།

Interview  mangmi

འདི་བཟུམ་སྦེ་ དྲུང་ཁག་བདག་སྐྱོང་གི་ཁ་ཐུག་ལས་ཡང་རྒེད་འོག་ཚུ་ནང་ལུ་ འཆར་གཞིའི་མ་དངུལ་ཚུ་ དགོས་མཁོ་དང་བསྟུན་ ལག་ལེན་འཐབ་ག་མ་འཐབ་ ཞིབ་དཔྱད་ཚུ་ལེགས་ཤོམ་སྦེ་རང་གནང་དོ་ཡོདཔ་མ་ཚད་ རྒེད་འོག་བདག་སྐྱོང་ཡིག་ཚང་དང་འདི་ནང་ལུ་ ཕྱག་ལཱ་གནང་མི་འདི་བཟུམ་སྦེ་ སྤྱི་འོག་ཁག་གི་མི་སེར་ཚུ་ལུ་ ཉེ་བར་འཁོར་བའི་ བརྒྱབ་བསྐྱོར་ཚུ་ཡང་ ག་དེ་དྲག་དྲག་མཛད་གནང་དོ་ཡོད་པའི་སྐོར་ལས་ ཕུན་ཚོགས་གླིང་དྲུང་པ་ རབ་རྒྱས་སྟོབས་ལྡན་གྱིས་བཤད་མི་ནང་།

Dungpa pling

ཕུན་ཚོགས་གླིང་རྒེད་འོག་གི་ སྤྱི་འོག་ཚུ་ རྒེད་འོག་བདག་སྐྱོང་ཡིག་ཚང་ལས་ ས་ཐག་རིང་སར་ ཁ་གཏོར་དེ་ཆགས་ཡོད་མི་ལུ་བརྟེན་ མི་སེར་ཚུ་རྒེད་འོག་བདག་སྐྱོང་ཡིག་ཚང་དང་གཅིག་ཁར་ འབྲེལ་བ་འཐབ་པའི་སྐབས་དཀའ་ངལ་སྦོམ་སྦེ་རང་འཐོན་དོ་ཡོདཔ་ཨིནམ་དང་ གནམ་བྱཱ་གི་སྐབས་ལུ་ ས་རུད་དང་ཆུ་རུད་ཚུ་ལུ་བརྟེན་ ཧེང་བཀལ་དཀའ་ངལ་ཐོན་དོ་ཡོདཔ་ཨིན་མས།

Vox pop ༡Tshewang Lham

རྒེད་འོག་བདག་སྐྱོང་ཡིག་ཚང་གཅིག་ནང་ལུ་ ཕྱག་ལཱ་གནང་མི་ རྒཔོ་དང་དམང་མི་ བདག་སྐྱོ་འགོ་དཔོན་ ཚོགས་པ་དང་རྒེད་དྲུང་ ཚུ་གི་གྲལ་ལས་ མི་ལ་ལོ་ཅིག་གི་བསམ་འཆར་ལུ་ རྒེད་དྲུང་འདི་ལུ་ ལཱ་གི་འགན་ཁར་གནམ་མེད་ས་མེད་ཅིག་མེདཔ་ལས་ འགན་འཁུར་འདི་འཇམ་ཏོང་ཏོ་སྦེ་ འཚོར་དོ་ཡོདཔ་ཨིན་རུང་ ཕུན་ཚོགས་གླིང་རྒེད་འོག་གི་རྒེད་དྲུང་གི་ཕྱག་རྒྱན་བཞེས་ཏེ་ ལོ་ངོ་ ༡༡ འགྱོ་མི་ ནར་བྷ་དུར་མོང་གར་གིས་ རྒེད་དྲུང་གི་འགན་འཁུར་དང་ ལཱ་ཚུ་འབད་བའི་གདོང་ལེན་ཚུ་ག་དེ་སྦེ་རང་འབྱུང་དོ་ཡོདཔ་ཨིན་ནའི་སྐོར་ལས་ཁོ་རའི་བསམ་འཆར་བཤད་མི་ནང་་་་་་་་་་་

Interview gadrung

ད་རེས་ནངས་པ་ རྒེད་འོག་བདག་སྐྱོང་ཡིག་ཚང་ལ་ལོ་གཅིག་ནང་འབད་བ་ཅིན་ མི་སེར་ཚུ་རྒེད་འོག་ཡིག་ཚང་ནང་ ས་ཁྲལ་དང་གུང་ཁྲལ་ མི་རྩིས་དང་གཞན་ལཱ་རེ་ཐོན་ཏེ་འོང་པའི་སྐབས་ རྒཔོ་དང་དམང་མི་དེ་ལས་ ཚོགས་པ་ཚུ་ཕྱད་མ་ཚུགས་པ་ཁོང་གི་ དུས་ཚོད ་འཕྲོ་བརླག་ གཏང་དོ་ཡོད་པའི་སྐོར་ལས་ ཉོགས་བཤད་བཀོད་དོ་ཡོདཔ་ཨིན་རུང་ ཕུན་ཚོགས་གླིང་རྒེད་འོག་ནང་བཟུམ་ཅིག་འབད་བ་ཅིན་ མི་སེར་ཚུ་ དུས་ནམ་རང་འོང་རུང་རྒེད་འོག་བདག་སྐྱོང་ཡིག་ཚང་གི་ཁ་ཐུག་ལས་ ཞབས་ཏོག་དུས་ཚོད་ཁར་བྱིན་དོ་ ཡོད་པའི་ཁར་ མི་སེར་ཚུ་གི་ ཕན་ཐབས་ལུ་དམིགས་ཏེ་  འཕྲལ་འཕྲལ་སྦེ་བདུན་ཕྲག་ ངལ་གསོ་གི་སྐབས་ལུ་ཡང་ལཱ༌ཚུ༌ ཕྱག་ལཱ་མཛད་དགོན་འཐོན་དོ༌ཡོདཔ་ཨིན༌མས།

འདི་བཟུམ་སྦེ་མི་སེར་ཚུ་གིས་ར་འབད་རུང་ ཁོང་ཚུ་ རྒེད་འོག་ཡིག་ཚང་ནང་ནམ་རུང་འོང་རུང་ བརྒྱབ་བསྐྱོར་འདི་ཚུ་མ་བཏུབ་བཏུབ་སྦེ་ཐོབ་ཏེ་ཡོད་ཟེར་ཨིན་མས།

Mangmi Gaydrung Vox pop

ད་རེས་ནངས་པ་ གཞུང་གི་སྲིད་བྱུས་དང་ ལམ་ལུགས་ཚུ་དང་འཁྲིལ་ཏེ་ ཕུན་ཚོགས་གླིང་དྲུང་ཁག་དང་ འདི་གི་འོང་ལུ་ཡོད་མི་རྒེད་འོག་ཚུ་གི་བར་ན་ འཆར་གཞིའི་ལཱ་དང་ གོང་འཕེལ་གྱི་མ་དངུལ་ ག་ཅི་གི་ཐད་ལས་འབད་རུང་ རྒེད་འོག་གི་ཁ་ཐུག་ལས་ དྲུང་ཁག་བདག་སྐྱོང་ལུ་ བསྟུན་འགྲོས་ཞུ་ འདི་བཟུམ་སྦེ་ དྲུང་ཁག་གི་ཁ་ཐུག་ལས་ཡང་ མཉམ་འབྲེལ་ག་དེ་དྲག་དྲག་མཛད་གནང་དོ་ཟེར་ཨིན་མས།

 Mangmi Dungpa

ད་རེས་ཀྱི་བདུན་ཕྲག་རྒེད་འོག་གོང་འཕེལ་གྱི་ལས་རིམ་ནང་ལུ་ ཆུ་ཁརྫོང་ཁག ཕུན་ཚོགས་གླིང་རྒེད་འོག་ནང་ལུ་ མི་སེར་ཚུ་གི་ འཚོ་བའི་གནས་སྟངས་ཀྱི་དཀའ་ངལ་དང་ གཞུང་གི་ཁ་ཐུག་རྒེད་འོག་གོང་འཕེལ་གྱི་དོན་ལུ་ གནང་ཡོད་མི་མ་དངུལ་ཚུ་ ཚུལ་མཐུན་སྦེ ་ག་དེ་སྦེ་ལག་ལེན་འཐབ་དོ་ཡོདཔ་ཨིན་ནའི་སྐོར་ལས་ལས་རིམ་འདི་དེ ཅིག་འབད་གསན་་ཚར་ཡི། ལས་རིམ་སྙན་གསན་གནང་མི་འདི་ལུ་ བཀའ་དྲིན་ཆེ་ཟེར་ཞུ་ནི་ཨིན། བཀྲིན་ཆེ།

ཞིབ་འཚོལ་དང་རྩོམ་སྒྲིགཔ་ཟླ་བ་པངྨོ།