ལུང་ཕྱོགས་ལས་རིམ།

བཀང་ལུང་ལུང་ཕྱོགས་ལས་རིམ།     བདུན་ཕྲག་ཨ་རྟག་ར་ རེས་གཟའ་ལྷགཔ་ དྲོ་པ་ཆུ་ཚོད་༩་༣༠ དེ་ལས་རེས་གཟའ་སྤེནམ་ཕྱི་རུ་ཆུ་ཚོད་༦་༣༠ལུ་ རྒྱང་བསྒྲགས་ཞུ་མི་འདི་ ད་རུང་ལོག་ གཟའ་ཟླཝ་ཆུ་ཚོད་༤་༣༠ལུ་གཏང་ནི་ཡོད།

ད་རེས་ནངས་པ་ལས་རིམ་བཟོ་མི བསོད་ནམས་དར་རྒྱས་ཀྱིས་ བཀྲིས་སྒང་རྫོང་ཁག བཀང་ལུང་ལུང་ཕྱོགས་ཡིག་ཚང་ནང་ལས་འབད་ ཤར་ཕྱོགས་རྫོང་ཁག་དྲུག་གི་ ས་གནས་ཐདམ་ཐད་ཁ་ལས ལས་རིམ་ཚུ བསྡུ་བསྒྲིགས་འབད་དེ རྒྱང་བསྒྲགས་འབདཝ་ཨིན། སྟེ ལས་རིམ་འདི མང་ཤོག་ཅིག ས་གནས་མཐའ་ཟུར་གྱི མི་སེར་ཚུ་ལུ ཕན་ཐབས་ལུ་དམིགས་ཏེ་ གོ་བརྡའི་ལས་རིམ་ཚུ་བཟོ་སྟེ་སྤེལ་མ་ཚད མི་སེར་གྱི་སྟབས་བདེ་སྡུག་གི་སྐོར་ལས་ཡང འབྲེལ་བ་ཡོད་པའི་འགོ་དཔོན་ཚུ་དང་གཅིག་ཁར དྲི་བཀོད་་དང གྲོས་བསྡུར་འབད་དེ ལས་རིམ་སྣ་ཚོགས་ཚུ་ མི་མང་ལུ སྙན་གསོན་ཕུལ་ཨིན།

རྒྱང་བསྒྲགས་ལས་རིམ་ཚུ སྤྲོ་བ་ཆོ་ཏོག་ཏོ་སྦེ་ཕུལ་དགོས་པ་ཅིན ང་བཅས་ག་རའི་འགན་ཁུར་ཕོག་དོ་ཡོདཔ་ལས་ ལས་རིམ་གསན་མི་ཚུ་གིས་ སྲུང་དང་ལས་རིམ་ཚུ་སྤྲོ་ཏོག་ཏོ་ཡོདཔ་པ་ཅིན འགྲུལ་འཕྲིན་ཨང་༡༧༦༨༢༡༦༤ ཡང་ན བཀྲ་ཤིས་འགྲུལ་འཕྲིན་ཨང་་༧༧༦༨༢༡༦༤་ནང་འབྲེལ་བ་འཐབ་གནང་ཟེར་ཞུ་ཨིན།

Sonam Darjay

Bureau Head/ Dzongkhag Radio Producer

17682164

Email;sonamdarjay@bbs.bt

pemathuktop2014@gmail.com

ཐུགས་འཆར།

This site uses Akismet to reduce spam. Learn how your comment data is processed.