ཆོས་དང་གསོ་བ་གཉིས་ཀྱི་བར་ན་འབྲེལ་བ།

ང་བཅས་ར་སྲིད་གསུམ་འདི་ནང་སྐྱེ་བ་ལེན་མི་ག་ར་ འདོད་ཁམས་པ་ཟེར་ སེམས་ལུ་ འདོད་ཆགས་དང་ ཞེ་སྡང་ གཏི་མུག་གི་རྒྱུ་གསུམ་ལས་ འབྲས་བུ་ནད་གཞི་རླུང་མཁྲིས་བད་ཀན་གསུམ་བསྐྱེད་ནི་དང་ རང་གི་གཟུགས་ལུ་ རླུང་མཁྲིསབད་ཀན་གསུམ་ཆ་མ་སྙོམས་པའི་སྐབས་ལུ་  ནད་གཞི་བརྒྱ་རྩ་བཞི་ཡར་འཕར་འགྱོ་ནི་འདི་གིས་ ན་བའི་སྡུག་བསྔལ་བསམ་གྱི་མི་ཁྱབ་པ་ མྱོང་སྟེ་ཡོད་མི་ཚུ་བསལ་ཐབས་ལུ་ ནང་སེམས་ཁམས་ཀྱི་གྱི་ནད་གཞི་ཚུ་ དམ་པའི་ཆོས་ཀྱི་སྒོ་ལས་ བློ་སྦྱོང་འབད་ནི་དང་ ཕྱིའི་རྨ་རྐྱེན་གྱི་རིགས་དང་ན་ཚ་གཞན་མི་ཚུ་ སྨན་བཅོས་འབད་དགོ་ནི་འདི་གིས་ ཧེ་མ་ལས་ ང་བཅས་རའི་རྒྱལ་ཁབ་ཀྱི་ལུང་ཕྱོགས་སོ་སོ་ལུ་ ནང་པའི་སྨན་བཅོས་འབད་མི་བླམ་དང་དྲུང་འཚོ་རེ་རེ་གཉིས་གཉིས་མི་ཡོད་རུང་ གཞུང་འབྲེལ་ཐོག་ལུ་དར་ཁྱབ་མེད་པ་སྡོད་ནུག། ཨིན་རུང་ སྤྱི་ལོ་༡༩༦༧ གྱི་ལོ་ལུ་ མི་དབང་ཞིང་གཤེགས་དམ་པ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གིས་བཀའ་གནངམ་བཞིན་དུ་ དེང་སང་གི་སྨན་བཅོས་ལམ་ལུགས་ཀྱི་མཐུན་རྐྱེན་ཚུ་ མ་བཏུབ་བཏུབ་གཞི་བཙུགས་གནངམ་དང་ཅིག་ཁར་ ལ་ཁ་མཐོ་སའི་སྔོ་སྨན་ཚུ་བསྡུ་སྒྲུབ་འབད་དེ་ ནང་སྨན་ཡང་གཞུང་འབྲེལ་གྱི་ཐོག་ལུ་ ས་གནས་བདེ་ཆེན་ཆོས་གླིང་ལུ་གཞི་བཙུགས་འབད་ནི་འདི་གིས་ རིག་གསར་ཚན་རིག་གི་སྨན་བཅོས་དང་ ནང་སྨན་གཉིས་ཀྱིས་ ང་བཅས་ར་འབྲུག་མི་དྲག་ཞན་ཆེ་ཆུང་མེདཔ་ ག་ར་ སྨན་བཅོས་ཀྱི་ཞབས་ཏོག་འཇམ་ཏོང་ཏོ་སྦེ་སྡོད་ནུག་ཟེར་ཞུ་ནི་ཨིན།

གནག་དོག་་་་་་་་་་་་་བཟངམོ་ ད་རིས་ནངས་པ་ ང་ གཟུགས་ཨ་ཙི་མི་བདེ་བས་ ཐིམ་ཕུག་སྨན་ཁང་ནང་འགྱོ་དགོ་ནི་མས།

བཟངམོ་་་་་་་་་་་་་་་་་ཨིན་མས་ཏེ་ ཁྱོད་ད་རིས་ནངས་པ་ ཨ་ཙི་མ་འདྲཝ་ར་འབདཝ་མས་ སྨན་ཁང་ནང་བརྟག་དཔྱད་འབད་ལྟ་བ་ཅིན་ལེགས་ཤོམ་འོང་།

གནག་དོག་་་་་་་་་་་་དེ་འབདཝ་ད་ ཧེ་མ་ར་ རིམ་འགྲོ་ཆ་ཚང་ཅིག་འབད་དགོ་ནི་མས་ ནངས་པ་ལས་ ཁྱོད་ལཱ་གཡོག་གི་བཙར་མ་ཚར་བ་སྡོད་འོང་ འ་ནི་འབད་ནི་འདི་གིས ང་ར་མ་འགྱོཝ་ལས་ ཆོས་སྲུང་གསོལ་ནི་དང་ སྐྱེ་ལྷ་ཡུལ་ལྷ་ལུ་གསོལ་མཆོད་ཕུལ་ཏེ་ རྐྱེན་ངན་བར་ཆད་ག་ར་སེལ་དགོ་ནི་མས།

བཟངམོ་་་་་་་་་་་་་་་་ཨིན་མས་ རང་ན་ཡོདཔ་ད་ར་ ཆོས་སྲུང་གསོལ་ སྙན་དར་རེ་ཕུལ་སྦེ་ སྨོན་ལམ་ལེགས་ཤོམ་བཏབ་པ་ཅིན་ རྐྱེན་ངན་བར་ཆད་ཚུ་ག་ར་སེལ་འོང་།

གནག་དོག་་་་་་་་་་་་་་་དེནི་ ནངས་པ་ལས་ར་ རིམ་འགྲོ༌འབད༌དགོ་ནི་མས་ ང་གིས་ཆོསཔ་འཚོལ་བ་འགྱོ་གེ་སྨ་རེད་ ཨམ་ཁྱོད་ར་ན༌ ཁྱིམ༌ནང༌བཅའ༌སྒྲིགས༌རྐྱབ༌ཤིག།

བཟངམོ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ཡ༌ཡ༌

སྲིད༌ཐུབ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌དབའེ༌ ཨཔ༌གནག༌དོག༌ ཁྱོད༌བཟའ༌ཚང༌གཉིས༌ ག༌ཅི༌གི༌བསྟུན༌གྲོས༌རྐྱབ༌སྨོ།

གནག༌དོག༌༌༌༌༌༌༌༌༌༌༌༌༌༌༌༌ད༌རེས༌སྐབས་ཅིག༌གཟུགས༌ཁམས་ཨ༌ཙི༌མི༌བདེ༌བས༌ ཐིམ༌ཕུག༌ལུ༌སྨན༌བཅོས༌འབད༌བར་མ༌འགྱོཝ༌ལས༌ རྐྱེན༌སེལ༌ རིམ༌འགྲོ༌རེ་ འབད༌དགོནི༌འདྲས༌མནོ༌ ཨམ༌དང༌ཆ༌བསྟུན༌འགྲོས༌རྐྱབ༌པའི༌བསྒང༌ཨིན༌ སྟེ༌ སློབ་དཔོན་སྲིད༌ཐུབ༌ ཁྱོད༌ ག༌དེམ༌ཅིག༌སྦེ༌བྱོནམ་སྨོ།

བཟངམོ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ཨ་ན་ ཨཔ་ཁོ༌ར༌མ༌འགྱོཝ༌ལས༌ རིམ༌འགྲོ༌འབད༌བ༌ཅིན༌དྲག༌ནི༌མས༌མེན༌ན༌ ནངས༌པ༌ལསནི༌ ང༌གཡོག༌ལཱ༌གི༌མི༌ཁོམ།

སྲིད༌ཐུབ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌རིམ༌འགྲོ༌འབད༌སར༌ ཨཔ༌གནག༌དོག༌ ཁྱོད༌ར༌རང༌སྡོད༌དགོཔ༌མིན༌འདུག༌མེན༌ན༌ ཁྱོད༌ཕར༌སྨན༌བཅོས༌འབད༌ ན༌ལུ༌ཨམ༌བཟངམོ༌གིས༌ རིམ༌འགྲོ༌འབད༌བ༌ཅིན༌བཏུབ༌པས༌ཏེ༌ སྨན༌བཅོས༌རིམ༌འགྲོ༌ཅིག༌ཁར༌འགྱོ༌དགོ།

གནག༌དོག༌༌༌༌༌༌༌༌༌༌༌༌༌༌༌པ༌འ༌འ༌འ༌ རྐྱེན༌སེལ༌ རིམ༌འགྲོ༌མ༌འབད༌བའི༌ཧེ༌མ༌ སྨན༌བཅོས༌ག༌དེ༌སྦེ༌འབད༌ནི༌ས།

བཟངམོ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌དང༌པ༌ར༌ རིམ༌འགྲོ༌འབད༌ དེ༌ལས༌སྦེ༌ སྨན༌བཅོས༌འབད༌བ༌ཅིན༌དྲག༌འོང༌མེན༌ན༌ ཧེ་མ༌ བར་ཆད་མ༌སེལ༌བ་སྨན༌བཅོས༌འབད༌བའི༌ཟེར༌ འཛམ༌གླིང༌སྤང༌འགྱོ༌དགོཔ༌འོང༌ སྟེ་ འཇིག་རྟེན་པའི་དཔྱེ་གཏམ་ནང་ལུ་ ཆུ་མ་འོངམ་ལས་གཡུར་བ་དང་། ནད་མ་འོངམ་ལས་རིམ་འགྲོ། ཟེར་བསླབ་སྲོལ་འདུག་མེན་ན་ སློབ་དཔོན།

སྲིད་ཐུབ་་་་་་་་་་་་་པ་འ་འ་ ཨཔ་བཟངམོ་ དེ་སྦེ་ག་སྟེ་འོང་ནི་ས་ ད་རིས་ནངས་པ་ སྨན་བཅོས་འབད་ནི་ཕྱི་དེ་མི་ཤིཝ་མ་གཏོགས་ རིམ་འགྲོ་ཕྱི་དེ་མི་ཤི་མི་ མིན་འདུག་ མེན་ན་ འདི་ ང་བཅའ་རའི་སེམས་གི་ཁྱད་པར་ཅིག་ཨིན།

གནག་དོག་་་་་་་་་་་་ཨིན་མས་ རོགས་ སློབ་དཔོན་སྲིད་ཐུབ་ཀྱི་གསུང་དོ་བཟུམ་སྦེ་ རིམ་འགྲོ་ཕྱི་དེ་ མི་ཤི་སོང་ཡི་ཟེར་རྣ་བ་གི་མ་གོ་སྨན་བཅོས་ཕྱི་དེ་ མི་ཤི་ལེ་ཤ་མཐོང་ཅིས་ རོགས་དྲུང་འཚོ་ཚུ་གིས་འབད་རུང་ གཟུགས་ལུ་ན་ཚ་མེད་རུང་ བརྟག་དཔྱད་འཕྲལ་འཕྲལ་རང་འབད་དགོཔ་སྦེ་ བསླབ་སྟོན་སྦྱིན་ནི་འདུག།

སྲིད་ཐུབ་་་་་་་་་་་་་་་་་ཨིན་ དེ་སྦེ་འཕྲལ་འཕྲལ་རང་ བརྟག་དཔྱད་འབད་དགོ་མི་འདི་  གཟུགས་ལུ་ན་ཚ་ཡོད་པ་ཅིན་བཅོ་ཁ་རྐྱབ་ནི་དང་ མེད་པ་ཅིན་ ན་ཚ་མི་ཐོབ་ནིའི་དོན་ལུ་ ཐབས་ཤེས་སྟོན་ཐབས་ལུ་ཨིན་མས།

བཟངམོ་་་་་་་་་་་་་་་་་་པ་འ་འ་ སློབ་དཔོན་ ཧེ་མ་ སྨན་ཁང་མེད་པའི་བསྒང་ མི་མ་ཤི་བ་ ད་རེས་འ་ནེམ་ཅིག་མི་རློབས་ཡར་སེང་འགྱོ་མི་དེ་རིམ་འགྲོ་འབད་མི་ལས་བརྟེན་ཏེ་ཨིན་མས་ མེན་ན།

གནག་དོག་་་་་་་་་་་་སློབ་དཔོན་ ངེའི་ ཨམ་གི་བློ་ལུ་ཡང་ཆ་ཅིག་འདུག་སྨ་རེད་ འདི་བསྒང་སྨན་ཁང་ག་སྟེ་ཡོདཔ་ སྟེ་ སྨོ་ཤིག།

 

སྲིད་ཐུབ་་་་་་་་་་་་་་་ད་འབད་དགོནི་ ཨཔ་གནག་དོག་ འཕྲལ་འཕྲལ་སྐབས་ ངེའི་ཧོང་ལས་འབད་ འཕྲལ་འཕྲལ་སྐབས་ ཨམ་གྱི་ཧོང་ལས་འབད་ ག་ཅི་འབད་ན་མ་ཤེས་པས་ འདི་བསྒང་ སྨན་ཁང་མེད་རུང་ སྨན་བཅོས་འབད་ནི་ཡོད་པ་སྟེ་ སྟེ་ སྨན་བཅོས་འབད་ནི་མེད་པ་ཅིན་  དྲུང་འཚོ་ཡང་མི་འོང་ དེ་ལས་ ང་བཅས་ར་ཆ་ཁྱབ་ཀྱིས་ སྨན་བཅོས་རིམ་འགྲོ་ཟེར་མི་ཡང་མི་བསླབ།

བཟངམོ་་་་་་་་་་་་་་་འདི་བསྒང་དྲུང་འཚོ་ཚུ་ བླམ་སྦོམ་དང་དཔོན་ཁག་ཚུ་ལུ་རྐྱངམོ་ཅིག་ སྨན་བཅོས་འབད་སྡོདཔ་འདྲས་ མེན་ན་ སློབ་དཔོན།

གནག་དོག་་་་་་་་་་་ཨིན་ ངེའི་ ཨམ་གི་བསླབ་དོ་བཟུམ་སྦེ་ ཧེ་མ་ དྲུང་འཚོ་ཆ་ཁྱབ་ཀྱིས་ ང་བཅས་ར་བཟུམ་མའི་ མི་མཉམ་ཆུང་ཚུ་ལུ་ཕན་མ་ཐོག་པས།

སྲིད་ཐུབ་་་་་་་་་་་་་་རི་རློབས་མང་ དྲུང་འཚོ་ཉུང་སུ་ ཚད་ཅིག་ལས་གལ་མེད་ནི་འདི་གིས ང་བཅས་མི་མང་ག་ར་ལུ་ སྨན་བཅོས་ཀྱི་ ད་རེས་བཟུམ་སྦེ་ ཕན་ཐོག་སྦོམ་སྦེ་མ་བྱུང་པས་ ཨིན་རུང་ ཁོང་སྨན་བཅོས་ཀྱི་ཞབས་ཏོག་ཐོབ་མི་ཆ་ཁྱབ་ མི་ཚེ་ནང་ན་ཚ་མེད་པ་ཚེ་རིངམོ་སྦེ་སྡོད་མི་ལེ་ཤ་འདུག་ འདི་ཚུ་ག་ར་སྨན་བཅོས་རིམ་འགྲོ་ ཅིག་ཁར་འབད་མི་ལས་བརྟེན་ཏེ་ཨིན་མས།

བཟངམོ་་་་་་་་་་་་་་ཨིན་ན་ སྟེ་ ཨིན་རུང་ ད་རིས་ནངས་པ་ ཁོ་ཤུགས་སྦེ་ མ་ན་ནི་འདི་གིས་ རིམ་འགྲོ་འབད་དེ་ འགྱོ་བ་ཁྱད་ཅིག་མིན་འདུག་ མེན་ན།

གནག་དོག་་་་་་་་་་་་་་ཨིན་ མོ་གི་བསླབ་དོ་བཟུམ་སྦེ་ ད་རེས་ ང་ གཟུགས་ཨ་ཙི་མ་བདེཝ་མ་གཏོགས་ ཤུགས་ཆེནམོ་ཅིག་ར་མ་ན།

སྲིད་ཐུབ་་་་་་་་་་་་་་་་་་་་ཨིན་མས་ སྟེ་ ད་རེས་ཁྱོད་ར་ ནད་མ་འོངམ་རིམ་འགྲོ། ཟེར་བསླབ་དོ་བཟུམ་སྦེ་ རིམ་འགྲོ་རེ་འབད་ དཀོན་མཆོག་རེ་མཆོད་སྦེ་ མ་གཞི་ ཁྱོད་ གཟུགས་མི་བདེ་བས་ཟེར་བསླབ་པའི་སྐབས་ ན་ཚ་བཟུན་ཚར་བའི་རྟགས་ཨིན་མས་ ཕྱི་ཕྱི་ར་མ་སྡོདཔ་དྲག་འོང་།

བཟངམོ་་་་་་་་་་་་་་་་་་ཨིན་མས་ ན་སློབ་དཔོན་གྱི་གསུང་དོ་བཟུམ་སྦེ་ ཚར་ངེར་བཏོན་དགོ་ནི་མས་ ད་ཁྱོད་ར་ཆོསཔ་འཚོལ་བ་སོང་།

གནག་དོག་་་་་་་་་་་་་་་་ཡ་ཡ་ ང་ཆོསཔ་འཚོལ་ རིམ་འགྲོ་མགྱོགས་པ་འབད་དེ་ སྨན་བཅོས་འབད་བ་འགྱོ་དགོ་ནི་མས།

ང་བཅས་ར་སྲིད་གསུམ་འདི་ནང་སྐྱེ་བ་ལེན་མི་ག་ར་ འདོད་ཁམས་པ་ཟེར་ སེམས་ལུ་ འདོད་ཆགས་དང་ ཞེ་སྡང་ གཏི་མུག་ ང་རྒྱལ་ དེ་ལས ཕྲག་དོག་གི་རྒྱུ་ལས་བརྟེན་ཏེ་ འཐབ་རྩོད་རྒྱུན་མ་ཆད་པར་བྱུང་ནི་འདི་གིས་ ཕྱི་སྣོད་བཅུད་ཀྱི་འཇིག་རྟེན་དང་ ནང་སེམས་ཁམས་ལུ་ ན་བའི་སྡུག་བསྔལ་བསམ་གྱི་མི་ཁྱབ་པ་ མྱོང་སྟེ་ཡོད་མི་ཚུ་བསལ་ཐབས་ལུ་ ནང་སེམས་ཁམས་ཀྱི་གྱི་ནད་གཞི་ཚུ་ དམ་པའི་ཆོས་ཀྱི་སྒོ་ལས་ བློ་སྦྱོང་འབད་ནི་དང་ ཕྱིའི་རྨ་རྐྱེན་གྱི་རིགས་དང་ ན་ཚ་གཞན་མི་ཚུ་ སྨན་བཅོས་འབད་དགོ་ནི་འདི་གིས་ གཞུང་ཞབས་ལས་ དེང་སང་གི་སྨན་བཅོས་ལམ་ལུགས་ཀྱི་མཐུན་རྐྱེན་ཚུ་ མ་བཏུབ་བཏུབ་གཞི་བཙུགས་གནང་མི་འདི་གིས ང་བཅས་ར་འབྲུག་མི་ དྲག་ཞན་ཆེ་ཆུང་མེདཔ་ ག་ར་སྨན་བཅོས་འབད་ནི་གི་གོ་སྐབས་ཡོདཔ་ལས་  སྨན་བཅོས་རིམ་འགྲོ་ཅིག་ཁར་འབད་དོགཔ་དེ་ ག་ནི་བ་གལ་ཆེ་ཟེར་ཞུ་ནི་དང་ཅིག་ཁར་ ད་རིས་ འཁྲབ་སྟོན་གྱི་ལས་རིམ་དེ་ དེ་ཅིག་སྦེ་གསན་ཚརཝ་ཨིན་ སྟེ་ ཁྱོད་ལས་རིམ་གསན་མི་ཚུ་ ལས་རིམ་ཕུལ་མི་ཁ་ཐུག་ལས་་བཀའ་དྲིན་ཆེ་ཟེར་ཞུ་གེ།

ཐུགས་འཆར།

This site uses Akismet to reduce spam. Learn how your comment data is processed.