འབྲུག་རྒྱལ་༥པའི་འཁྲུངས་སྐར།

ང་བཅས་རའི་འབྲུག་རྒྱལ་ཁབ་ནང་ ལོ་ཨ་རྟགས་ར་སྤྱི་ཟླ་༢་པའི་སྤྱི་ཚེས་༢༡གི་ཉིམ་འདི་  འབྲུག་རྒྱལ་༥པ་དཔལ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་སྐུ་ཁྲུངས་པའི་ཉིམ་ལུ་ ང་བཅས་འབངས་མི་སེར་ཡོངས་ཀྱི་ མི་དབང་མཆོག་སྐུ་ཚེ་ཉིན་ཟླ་དང་མཉམ་བཅུག་ཟེར་བའི་ཐུགས་སྨོན་དང་ཅིག་ཁར་ དུས་ཅུ་ཡང་ མི་དབང་སྤྱི་ནོར་དང་པ་དཔལ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་དགུང་ལོ་༣༤བཞེས་པའི་ཁྲུངས་དཀར་དུས་སྟོན་ཁྱད་པར་ཅནམ་འདི་ལུ་ ང་བཅས་འབྲུག་རྒྱང་བསྒྲགས་ལས་འཛིན་གྱིས་ མི་དབང་མཆོག་གི་ མཛད་ཤུལ་རྗེས་དྲན་གྱི་སྐོར་ལས་ དམིགས་བསལ་གྱི་ལས་རིམ་ཅིག་བཟོ་དེ་ཞུ་མི་ ལས་རིམ་སྡེ་མཚན་ནང་ལས་ ཤེས་རབས་འཚོ་མོ་དང་བཀྲིས་བསྟན་འཛིན་གཉིས་ཀྱི་སྐུ་གཟུགས་བཟངམ་དང་བྱོན་པ་ལེགས་སོ།   སྙན་ཆ་་་་་་་་།

དེ་ཡང་ ང་བཅས་རའི་འབྲུག་རྒྱལ་ཁབ་འདི་ མཐུ་ཆེན་ཆོས་ཀྱི་རྒྱལ་པོ་ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གིས་ ཆོས་སྲིད་ལུགས་གཉིས་ཀྱི་བསྟན་པའི་སྲོལ་བཙུགས་གནང་པའི་ཤུལ་ལས་ སྡེ་སྲིད་རིམ་བྱོན་ཚུ་གིས་ཆབ་སྲིད་སྐྱོང་གནང་པའི་སྐབས་ ལུང་ཕྱོགས་སོ་སོ་ལུ་དབང་ཚད་ཅནམ་གྱི་དཔོན་ཚུ་གི་བར་ན་ནང་འཁྲུགས་ཚུ་རྒྱུན་ཆད་མེད་པར་འཐོན་ཏི་ མི་སེར་ཚུ་བརྡབ་བསིག་རྐྱབ་སྟི་སྡོད་པའི་ནམ་དུས་འདི་ན་ལུ་ སྤྱིར་དཀོན་མཆོག་གསུམ་གྱི་ཐུགས་རྗེ་དང་ལྷ་ཆོས་སྐྱོང་སྲུང་མའི་ནུས་མཐུས་ དེ་ལས་ང་བཅས་རའི་འབངས་མི་སེར་ཚུ་གིཁ་རྗེ་ལས་བརྟེན་དེ་ གཏེར་བཏོན་པདྨ་གླིང་པའི་གདུང་རབས་ལས་འབྱོན་མི་ སྡེ་སྲིད་འཇིགས་མེད་རྣམ་རྒྱལ་གྱི་སྲས་གོང་ས་ཨྱོན་དབང་ཕྱུག་མཆོག་ སྤྱི་ལོ་༡༩༠༧སྤྱི་ཟླ་༡༢པའི་སྤྱི་ཚེས་༡༧ལུ་ འབྲུག་བརྒྱུད་འཛིན་གྱི་རྒྱལཔོ་དང་པ་འབད་ཁྲི་མངའ་གསོལ་ཞུ་ཞིནམ་ལས་ཚུར་ ང་བཅས་རའི་འབྲུག་རྒྱལ་ཁབ་འདི་སྐྱིད་ཉམས་ལྡན་པའི་རྒྱལ་ཁབ་ཅིག་ལུ་འགྱུར་འདི་ ད་རེས་ཚུན་ཚོད་ལུ་རྒྱལ་བརྒྱུད་༥་པའི་ཁྲི་མཐོ་ལུ་ཧོད་དེ་ཡོདཔ་ཨིན། སྙན་ཆ་་་་་་་་མར་ཆང་།

ང་བཅས་རའི་འབྲུག་བརྒྱུད་འཛིན་གྱི་རྒྱལ་རབས་༥པ་དཔལ་མི་དབང་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་ ཡབ་གཏེར་གཏོན་རིག་འཛིན་ཆེན་པོ་འབྲུག་སྒྲ་རྡོེ་གུ་རུ་པདྨ་འབྱུང་གནས་སྐུ་དངོས་ ཁྲི་རབས་བཞི་པ་དཔལ་འཇིགས་མེད་སེང་གེ་དབང་ཕྱུག་མཆོག་དང་ཡུམ་འབྲུག་གི་གདུངས་བརྒྱུད་ཁྱད་དུ་འཕགས་པ་ཞབས་དྲུང་ཐུགས་སྤྲུལ་དང་གསུང་སྤྲུལ་ བཟུང་འབྲེལ་ལས་བྱོན་པའི་ཡབ་ཨྱོན་རྡོེ་དང་མངའ་ཚང་མཁོ་ཆེའི་་གདུང་བརྒྱུད་ཡུམ་ཐུགས་རྗེ་བཟངམ་གཉིས་ཀྱི་སྲསམོ་ རྒྱལ་ཡུམ་ཨ་ཞེ་ཚེ་རིང་དབྱངས་སྒྲོན་དབང་ཕྱུག་མཆོག་གི་སྲས་ལུ་ གནམ་ལོ་ལྕགས་སྤྲལ་སྤྱི་ལོ་༡༩༨༠་སྤྱི་ཟླ་༢པའི་སྤྱི་ཚེས་༢༡ལུ་ ངོ་མཚར་བའི་རྟགས་དང་བཅསཔ་འབད་སྐུ་འཁྲུངས་ནུག། སྙན་ཆ་་་་་་ཞབས་ཁྲ་འཁྲུངས་དཀར།

མི་དབང་མཆོག་གཞུང་འབྲེལ་གྱི་ཐོག་ལུ་ བརྒྱུད་འཛིན་གྱི་རྒྱལ་སྲས་ངོ་སྤྲོད་དེ་ཡང་ སྤྱི་ལོ་༡༩༨༨སྤྱི་ཟླ་༡༠པའི་སྤྱི་ཚེས་༣༡་ལུ་ཕུལ་འདི་ཡོདཔ་ཨིན་མས་ སྟེ་ ཡབ་མི་དབང་འཇིགས་མེད་སེང་གེ་དབང་ཕྱུག་མཆོག་གིས་ཐུགས་ཀྱི་བརྩེ་བ་དང་གོང་བཞེས་ལྟར་དུ་ མི་དབང་མཆོག་སྐུ་ན་ཕྲ་བའི་ནམ་དུས་ལས་ར་ འབྲུག་མི་ཉམས་ཆུང་གཅིག་གི་ཨ་ལུ་ཚུ་བཟུམ་འབད་བསྐྱེད་བསྲིངས་དེ་ཕྱག་དཔྱེ་གཟིགས་པའི་སྐབས་ལུ་ཡང་འབྲུག་པའི་སློབ་ཕྲུག་ན་གཞོན་ཚུ་དང་རྣམ་ཅིག་འབད་གཟིགས་གནང་བཅུགསཔ་མ་ཚད་ སློབ་གྲྭ་ནང་གི་ལམ་ལུགས་སྲོལ་དང་ ལཱ་འབད་དགོཔ་ཚུ་ཡང་ སློབ་ཕྲུག་ཨ་ལུ་གཞན་དང་ཅིག་ཁར་དབྱེ་བ་ གང་ཡང་མེད་པར་མཛད་གནང་བཅུགསཔ་ཡོདཔ་ཨིན་མས། ང་བཅས་ར་འབྲུག་པའི་དཔྱེ་གཏམ་ལུ་ཡང་ རྟ་གཅིག་འོངནི་ རྟིའུ་ལས་དང་ མི་གཅིག་འོངནི་ཆུང་ལས་ཟེར་ སླབ་སྲོལ་ཡོད་དོ་བཟུམ་སྦེ་ མི་དབང་མཆོག་ སྐུ་ན་ཕྲ་བའི་སྒང་ལས་ར་གསུང་བཤད་ཚུ་གནང་སྟི་འབད་རུང་ མི་ལོ་ན་རྒས་ཤོས་བཟུམ་སྦེ་གསུང་ གནང་ཚུགས་དོ་ཡོདཔ་ཨིན་མས་ སྟེ་ མི་དབང་མཆོག་གིས་གསུང་བཤད་གོ་དང་པར་ར་ གཟི་ལུང་ཁ་འབྲིང་རིམ་སློབ་གྲྭ་ཆུང་བ་གི་ དུས་སྟོན་སྐབས་ལུ་གསུང་གནང་ཡོདཔ་ཨིན་མས། སྙན་ཆ་་་་་་མི་དབང་མཆོག་གི་གསུང་བཤད།

མི་དབང་མཆོག་གི་ཕྱག་དཔེ་ཡང་ལུང་བསྟན་ཟམ་པ་འབྲིང་རིམ་སློབ་གྲྭ་བར་མ་ནང་ལས་འགོ་བཙུགས་དེ་སྦེ་དབྱངས་ཅན་ཕུག་སློབ་གྲྭ་ཆེ་བ་ནང་ལས་མཐར་འཁྱོལ་ཏེ་ མཐོ་རིམ་ཤེས་ཚད་ཀྱི་སློབ་སྦྱོངས་ཚུ་ཕྱི་རྒྱལ་united statesགི་མཐོ་རིམ་བཙུག་ལག་སློབ་ཁང་phillipsདང་kushing academy vitan

college ཚུ་ནང་གཟིགས་གནང་ནུག། འདི་གི་ཤུལ་ལས་ united kingdomགི་oxfordབཙུག་ལག་སློབ་ཁང་ནང་ལུ་འབད་ཕྱི་འབྲེལ་ལས་གཡོགཔ་གི་སློབ་སྦྱོངས་དང་སྲིད་དོན་བཙུགས་ལག་ཤེས་ཚད་M. Phil program in politics ཚུ་གི་སློབ་སྦྱོང་ཡང་གནང་ནུག ཏེ་མི་དབང་མཆོག་ ཀྲོང་གསར་དཔོན་སློབ་ཀྱི་གོ་གནས་་བཞེས་བཞུགསཔ་ད་ Canada གི་ NewBrunswick གཅུག་ལག་སློབ་གྲྭ་གི་ སྤྱི་ལོ་༢༠༠༥སྤྱི་༡༠པའི་ཚེས་༢༠་ལུ་ཁྲིམས་ཀྱི་ཆེ་རིམ་གོང་མའི་ཁྱད་དབང་གི་ཟེངས་རྟགས་བཞེས་ཡོདཔ་ཨིན་མས་ སྟེ་མི་དབང་མཆོག་གི་ ཧེ་མ་དབྱངས་ཅན་ཕུག་འབྲིང་རིམ་སློབ་གྲྭ་གོང་མ་ནང་ ཕྱག་དཔེ་གཟིགས་ཞུགས་པའི་སྐབསལུ་ ཤེས་ཡོན་ཕུལ་མི་རྫོང་ཁའི་སློབ་དཔོན་ཕྱག་རྡོག་གི་འབད་བ་ཅིན་ མི་དབང་མཆོག་ཤེས་ཡོན་སྦྱང་ཞུགས་པའི་སྐབས་ལས་ར་ དཔལ་ལྡན་འབྲུག་པའི་སྒྲིགས་ལམ་ཆོས་གསུམ་དང་ སློབ་གྲྭའི་བྱ་གོ་ལས་རིམ་ཚུ་ཡང་ སློབ་ཕྲུག་གཞན་དང་དབྱེ་བ་ག་ནི་ཡང་མེད་པ་མཛད་གནང་ཨིན་ཟེར་བཤད་ཨིན་མས། སློབ་དཔོན་གྱི་གསུང་བཤད།

མི་དབང་མཆོག་གི་ སྤྱི་ལོ་༢༠༠༢སྤྱི་ཟླ་༦་སྤྱི་ཚེས་༢༥ལུ་ བསམ་གཏན་གླིང་ཕོ་བྲང་ནང་འབད་རྟེན་འབྲེལ་མདོར་བསྡུས་ཅིག་གནང་སྟི་ མི་དབེང་ཡབ་རྗེ་དམ་པ་འབྲུག་རྒྱལ་བཞི་པ་མཆོག་གིས་ མི་དབང་མཆོག་ལུ་ན་བཟའ་བུ་རས་དམརཔོ་གནང་ཡོདཔ་ཨིན། མི་དབང་འབྲུག་རྒྱལ་༥པ་མཆོག་གི་ཡབ་རྗེ་དམ་པའི་ལམ་སྟོན་བཟང་པོའི་ཐོག་ལས་ རང་ལུགས་འབྲུག་པའི་ལམ་སྲོལ་གྱི་བཀའ་བསྐྱོད་དམ་ཟབ་ཚུ་ ཡོངས་རྫོགས་མཐར་ཕྱིན་འབྱུང་པའི་ཤུལ་ལུ་ གཟའ་སྐར་དགེ་བའི་འཕྲོས་འབྱོར་དང་འཁྲིད་དེ་ སྤྱི་ལོ་༢༠༠༤སྤྱི་ཟླ་༡༠པའི་སྤྱི་ཚེས་༢༡ལུ་ རྒྱལ་རབས་དང་ལྡན་པའི་གལ་གནད་ཅན་གྱི་ཀྲོངས་གསར་དཔོན་སློབ་ཀྱི་བདག་འགན་བཞེས་གནང་ཡི།   གསུང་བཤད་་་་་་་་་་་་།

མི་དབང་མཆོག་གི་ སྐུ་ན་ཆུང་ཀུ་སྒང་ལས་ར་ སྐུ་འཁོར་ ནང་འབྲེལ་གྱི་ལམ་སྲོལ་དང་སྒྲིག་ལམ་རྣམ་བཞག་ རང་ལུགས་ལམ་ལུགས་སྲོལ་ཚུ་ཉམས་པ་མེད་པར་ རྒྱལ་བརྒྱུད་རྒྱལ་ཁབ་ཀྱི་གནས་སྟངས་དང་ འཛམ་གླིང་རྒྱལ་ཁབ་ཀྱི་གནས་སྟངས་ཚུ་ལུ་གཟིགས་རྟོགས་ཧྲིལ་བུ་ཐོབ་ཡོདཔ་མ་ཚད་ འབྲུག་གི་སློབ་གྲྭ་ཚུ་ནང་ལས་ཕར་ ན་གཞོན་སློབ་ཕྲུག་ཚུ་དང་ཅིག་ཁར་ མི་སེར་སྙམ་ཆུང་ཅིག་གི་ཨ་ལུ་ཚུ་བཟུམ་སྦེ་ སྐུ་ཡོན་གསན་གནང་པའི་སྐབས་ལུ་ཡང་ མ་འོང་འབྲུག་པའི་ན་གཞོན་ཚུ་གི་མཐའ་དོན་ལུ་ ཚ་གྱང་དང་མནོ་དོན་ཚུ་ཡང་ མཁྱེན་གཟིགས་གནང་ཡོད་པའི་སྐོར་ལས། གཟིམ་དཔོན་དྲག་ཤོས་རྡོེ་རྒྱལ་མཚན་གིས།་་་་་་་་་་་་་།

ཀྲོང་གསར་དཔོན་སློབ་ཀྱི་གོ་གནས་བཞེས་ཏི་ ལོ་ངོ་༢སོང་བའི་དགུང་ལོ་༢༦སྤྱི་ལོ་༢༠༠༦ཟླ་༡༢་པའི་ཚེས་༡༤་ལུ་ འབྲུག་རྒྱལ་ལྔ་པའི་ཕྱག་འགན་དེ་ ཁོ་རའི་ཡབ་འབྲུག་རྒྱལ་བཞི་པའི་ཕྱག་ལས་ ཐུགས་ཀྱི་གདིང་ལས་དད་པ་མོས་གུས་བླ་ན་མེད་པའི་བཀྲིན་དགའ་ཚོར་དང་བཅས་པའི་ ཐུགས་སྨོན་རྒྱ་ཆེན་པོའི་སྒོ་ལས་རྩིས་བཞེས་གནང་ཡི་ དེ་ལས་བྱང་ཆུབ་སམེས་དཔའི་སྤྲུལ་པ་རྒྱལ་མཆོག་ཡབ་སྲས་གཉིས་ཀྱི་ རྒྱལ་པོའི་རྒྱལ་སྲིད་ཀྱི་ཕྱག་འགན་ཕ་ཤུལ་བུ་ལུ་རྩིས་སྤྲོད་འདི་ དེ་ལས་དབང་ཕྱུག་བརྒྱུད་འཛིན་གྱི་རིང་ལུགས་ ལོ་བརྒྱ་འཁོར་བའི་དུས་སྟོན་དང་དམངས་གཙོའི་གཞུང་འགོ་བཙུགས་པའི་དུས་སྟོན་དང་བཅས་པའི་གོ་ལས་རྒྱལ་རབས་ཅན་གྱི་དུས་སྟོན་དང་འཁྲིལ་ཏེ་ རྒྱལ་ཁབ་ནང་དགའ་སྐྱིད་དང་ལྡན་པའི་ངང་ལུ་གནས་དེ་ཡོདཔ་ཨིན།

སྟེ་ མི་དབང་མཆོག་གི་ སྤྱི་ལོ་༢༠༠༦གི་ལོ་ལུ་ར་ ཁོ་རའི་ཡབ་འབྲུག་རྒྱལ་བཞི་པ་མཆོག་ལས་ འབྲུག་གི་རྒྱལ་སྲིད་ཀྱི་ཕྱག་འགན་ རྩིས་ལེན་ཞིནམ་ལས་ ཕྱག་ལཱ་འགོ་དང་པ་ར་རྒྱ་འབྲུག་མཐུན་འབྲེལ་ཆིངས་ཡིག་དུས་མཐུན་ལེགས་བསྒྱུར་བཟོ་གནང་པ་གིས་མ་ཚད་ དཔལ་འབྱོར་གོང་འཕེལ་གྱི་གྲོགས་རམ་དང་ཚོང་ལམ་གྱི་རྒྱབ་སྐྱོར་གྲོགས་རམ་ཚུ་གང་དྲག་མཛད་ཆོག་པའི་དོན་ཚན་༡༠ལུ་ དུས་མཐུན་གྱི་བསྒྱུར་བཅོས་མཛད་དེ་ཕྱག་རྟགས་བཀོད་ཐོག་ལས་ཆ་འཇོག་གྲུབ་གནང་མི་འདི་ཀྱི་ རྒྱལ་ཁབ་ཀྱི་རང་དབང་བཙན་ཐབས་ལུ་རྩ་ཆེ་ཤོས་ཅིག་ཨིན་མས་ སྟེ་མི་དབང་མཆོག་གི་ དམིགས་ཏེ་དང་རེ་འདོད་ཚུ་ ང་བཅས་རང་རྒྱལ་ཁབ་ཀྱི་མཐའ་དོན་ལུ་གཙོ་བོ་བཟུང་ནི་ཨིན་པའི་ཁར་ རྒྱལ་ཁབ་དང་འབྲུག་གི་ལམ་ལུགས་ལུ་ ཕྱག་འགན་གནང་ནི་དེ་ཨིན་ཟེར་གསུང་གནང་དེ་ཡོདཔ་ཨིན་མས། གསུང་བཤད་་་་་་་་་་་་།

མི་དབང་མངའ་བདག་རིན་པོ་ཆེ་གསེར་ཁྲི་གུ་ལུ་བྱོན་གཞིནམ་ལས་ འཕྲིན་ལས་རྣམ་བཞིའི་སྒོ་ལས་ཁྱད་དུ་འཕགས་པའི་ཕྱག་ལཱ་མང་རབས་ཅིག་མཛད་པའི་གྲལ་ལས་ མི་ལེར་སྙོམ་ཆུང་གི་སྐྱིད་སྡུག་ལུ་གཟིགས་ཏི་རྫོང་ཁག་༢༠གི་རྒེད་འོག་༢༠༥གི་མི་སེར་ས་ཆ་མེད་མི་ཚུ་ལུ་ སའི་སྐྱིད་སྡུག་དང་ས་ཐེབས་འཐོན་མི་ཚུ་ལུ་རིན་གོང་གཞུང་ལུ་ཕུལ་མ་དགོཔ་པ་ རང་སོའི་མིང་ཐོ་ཁར་ཁྲམ་བཀོད་ཆོག་པའི་སྐྱིད་སྡུག་གནང་ཡོདཔ་མ་ཚད་ རྒྱལ་ཁབ་ནང་བློ་བུར་གྱི་རྐྱེན་ངན་ག་ཅི་་བཟུམ་འབྱུང་རུང་ མི་དབང་མཆོག་གི་སྐུ་དངོས་ཞབས་ཀྱི་བཅགས་གནང་སྟི་ མི་སེར་གྱི་སྐྱེད་སྡུག་ཚུ་དེ་འཕྲོས་ལས་གཟིགས་གནངམ་ལས་ མི་དབང་མཆོག་བྱང་ཆུབ་སམེས་དཔའི་རྣམ་སྤྲུལ་ དངོས་མིའི་གཟུགས་ལུ་བྱོན་མི་དེ་ཡང་ ང་བཅས་ར་མི་སེར་ག་ར་ཁ་རྗེ་བཟང་ནུག་ཟེར་ཞུ་ནི།མི་སེར་ཚུ་ལས་བསམ་འཆར་་་་་་་་།

ད་རེས་མི་དབང་འབྲུག་རྒྱལ་༥པ་དཔལ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་གི་ཁྲུངས་དཀར་དུས་སྟོན་ཁྱད་པར་ཅནམ་འདི་ལུ་ ང་བཅས་ར་འབངས་མི་སེར་ཡོངས་ཀྱི་ མི་དབང་མཆོག་སྐུ་ཚད་ཉིན་ཟླ་དང་མཉམ་བཅུགས་ཟེར་བའི་ཐུགས་སྨོན་དང་ཅིག་ཁར་ མི་དབང་ཡབ་སྲས་ཚུ་གི་བཀྲིན་ཁོ་ན་ལུ་བརྟེན་ཏི་ནད་ཡང་མུ་གེ་དང་འཁྲུགས་རྩོད་ཚུ་ག་ནི་མེད་པར་ རྒྱལ་བློན་འབངས་གསུམ་ཐུགས་མཐུན་ཁྲིམས་གཙང་ཐོག་ལས་ དགའ་བའི་ཉིམ་ཤར་སྐྱིད་པའི་བྲོ་ཁྲབ་སྟི་ ཇི་སྲིད་སྐལ་པ་མ་སྟོང་གི་བར་ན་གཞི་བདེ་ཀྱི་ངང་ལུ་གནས་བཅུག་ཟེར་བའི་སྨོན་འདེབས་ཞུཝ་དང་ཅིག་ཁར་ ལས་རིམ་འདི་དེ་ཅིག་སྦེ་མཇུག་བསྡུཝ་ཨིན།

ཞིབ་འཚོལཔ་དང་རྩོམ་སྒྲིགཔ་ བཀྲ་ཤིས་བསྟན་འཛིན།

 

 

 

 

 

 

 

 

 

ཐུགས་འཆར།

This site uses Akismet to reduce spam. Learn how your comment data is processed.